2024 News
October 21, 2024
H.E. Ling Rinpoche Receives Blessed Audience with His Holiness the Dalai Lama
࿑ ཕྱི་ལོ། ༢༠༢༤ ཟླ་བ། ༡༠ ཚེས། ༢༡ སྔ་དྲོ་ཕྱག་ཚོད་༩ དང་སྐར་མ་༤༥ ཐོག་དྷ་ས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸ སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་མཇལ་ཁའི་སྐབས་སུ་སྒྲོན་པའི་སྐུ་པར། ། On October 21st, H.E. Ling Rinpoche visited and received a blessed audience with His Holiness the Great 14th … Read more
October 17, 2024
H.E. Ling Rinpoche Participates at International Abhidhamma Divas Day, Accepting Chivar Dana and Expressing Gratitude to Prime Minister Shri Narendra Modi for Recognition of Pali as Classical Indian Language
ཡོངས་གྲགས་སུ་གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ལྷ་ཡུལ་དུ་མ་ཡུམ་ལ་ཆོས་བསྟན་ནས་ཕྱིར་འཛམ་བུ་གླིང་དུ་བྱོན་པའི་”ལྷ་བབས་དུས་ཆེན་(ABHIDHAMMA DIVAS) ཉིན་མོ་ཁྱད་པར་ཅན་དང་བསྟུན་ནས། རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་སྲིད་བློན་ན་རན་དྷ་མོ་དྷི་མཆོག་དབུ་བཞུགས་ཐོག་མཛད་སྒོ་བསྲུང་བརྩི་དང་། སྲིད་བློན་མཆོག་ནས་ན་བཟའ་འབུལ་བཞེས་མཛད་ཅིང་། ཉེ་བའི་འཆར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སྲིད་བློན་མཆོག་ལ་པཱ་ལིའི་སྐད་ཡིག་དེ་བཞིན་རྒྱ་གར་གནའ་བོའི་རིག་གཞུང་ཁོངས་སུ་བཅུག་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་དེ་རིང་གི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུ་སྐབས་ཀྱི་བརྙན་པར་། ཕྱི་ལོ། ༢༠༢༤ ཟླ་བ། ༡༠ ཚེས། ༡༧ ཉིན། ། On October 17th, H.E. Ling Rinpoche participated in the International Abhidhamma Divas Day alongside … Read more
October 6, 2024
H.E. Ling Rinpoche Expresses Appreciation to Government of India for Recognition of Pali as Classical Indian Language
Message from H.E. Ling Rinpoche: I am delighted to convey my warmest appreciation to the Government of India for recognizing Pali as a classical Indian language. This historic step acknowledges … Read more
September 29, 2024
H.E. Ling Rinpoche Gives Teachings and Presides Over Consecration of New Temple at Dzogchen Beara-Rigpa in Ireland
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༧ ནས ༢༩ བར་༧སྐྱབས་རྗེ་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨར་ལེན་ཊེ་ནང་ཡོད་པའི་”རྫོགས་ཆེན་བྷེ་ར་ནང་བསྟན་སྒོམ་སྒྲུབ་ལྟེ་གནས་སུ་ཉིན་གྲངས་གསུམ་རིང་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་དེ་བཞིན་ཚོགས་མཆོད་དང་། གསར་དུ་བཞེངས་པའི་གཙུག་ལག་ཁང་ལ་ཁྲུས་གསོལ་རབ་གནས་བཅས་སྩལ་སྐབས་ཀྱི་བརྙན་པར། ། On September 27-29th, H.E. Ling Rinpoche gave teachings on the 37 Practices of a Bodhisattva and the 8 … Read more
September 25, 2024
H.E. Ling Rinpoche Gives Teachings to Nepalese Community at The Buddhist Community Centre UK in Aldershot
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༥ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབྱིན་ཡུལ་གྲོང་སྡེ་ཨལ་དྷར་ཤོ་ཏི་ནང་ཡོད་པའི་བལ་ཡུལ་ནང་བསྟན་མཐུན་ཚོགས་ཀྱི་ལྟེ་གནས་སུ་ཆིབས་བསྒྱུར་སྐབས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཀྱི་སྔོན་བསུས་ཏེ་ཆོས་ཚོགས་སུ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་། བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་སྐབས་ཀྱི་སྐུ་པར། ། On September 25th, H.E. Ling Rinpoche arrived to a warm traditional welcome and gave teachings on the 8 Verses of … Read more
September 24, 2024
H.E. Ling Rinpoche Teaches on Three Principal Aspects of the Path at Rigpa-London
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༤ ཉིན ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ལོན་ཌོན་ནང་ཡོད་པའི་རིག་པ་ཆོས་ཚོགས་སུ་༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་བཀའ་ཆོས་སྩལ་སྐབས་ཀྱི་བརྙན་པར། ། On September 24th, H.E. Ling Rinpoche gave teachings on the Three Principal Aspects of the Path at Rigpa-London.
September 22, 2024
H.E. Ling Rinpoche Gives Talk on Preservation of Tibetan Religion, Culture and Language to Tibetan Community of Britain
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༢ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་རིགས་གཙོ་གྱུར་གྱི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་རྣམས་ལ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་(Lichfield Hall) ལི་ཆི་པི་ལི་ཚོགས་ཁང་ཆེན་མོར། འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཡི་གེ་དྲུག་མའི་འགྲེལ་བཤད་དང་ཕན་ཡོན། གཟུངས་སྔགས་འགའ་ཞིག་གི་ལྗགས་ལུང་། དེ་བཞིན་ནང་ཆོས་སྤྱིའི་འགྲེལ་བཤད་དང་། བཟང་སྤྱོད་གོང་འཕེལ་གཏོང་ཐབས། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་སྐོར་ལ་བཀའ་སློབ་སྩལ་སྐབས་ཀྱི་བརྙན་པར།། On September 22nd, H.E. Ling Rinpoche gave a talk and advice on Buddhism & ethics … Read more
September 22, 2024
H.E. Ling Rinpoche Encourages Tibetan School Children Program Run by Office of Tibet-London
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༢ ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་ཡོད་པའི་ས་གནས་བོད་ཀྱི་ལས་ཁུངས་ཀྱི་འཛིན་སྐྱོང་གནང་བཞིན་པའི་རེས་གཟའ་ཉི་མར་ཚོགས་བཞིན་པའི་བོད་ཕྲུག་སློབ་གྲྭར་ཞིབ་གཟིགས་ཀྱིས། སློབ་མ་ཚོས་ཤེས་ཡོན་ཡར་རྒྱས་གནང་ཕྱོགས་ཐད་ལ་བཀའ་སློབ་ལམ་སྟོན་སྩལ་སྐབས་ཀྱི་བརྙན་པར། ། On September 22nd, H.E. Ling Rinpoche visited the local Tibetan school children in London and enjoyed spending time giving them valuable … Read more
September 21, 2024
H.E. Ling Rinpoche Teaches In Praise of Gratifying Sentient Beings and Bestows Amitayus Long Life Initiation in London
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པའི་ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། FPMT ལོན་ཌོན་འཇམ་དབྱངས་ཆོས་ཚོགས་དང་།། དབྱིན་ཡུལ་བོད་རིགས་བོད་རིགས་སྤྱི་མཐུན་ཚོགས་པ། ལོན་ཌོན་རིག་པ་RIGPAཆོས་ཚོགས་སོགས་ཀྱི་གོ་སྒྲིག་འོག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་”སེམས་ཅན་འགུ་བར་བྱེད་པའི་བསྟོད་པ་”དང་། ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བཀའ་དྲིན་ཆེ་སྩོལ་སྐབས་ཀྱི་བརྙན་པར། ། On September 21st, H.E. Ling Rinpoche gave a teaching on Arya Nagarjuna’s In Praise of Gratifying Sentient Beings … Read more
September 20, 2024
H.E. Ling Rinpoche Bestows White Dzambhala Initiation at Jamyang Buddhist Centre London-FPMT
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༠ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་ཡོད་པའི་FPMT འཇམ་དབྱངས་ཆོས་ཚོགས་སུ་བཀའ་ཆོས་དང་། ཛམ་དཀར་ལྷ་ལྔའི་བཀའ་དབང་སྩལ་སྐབས་ཀྱི་སྐུ་པར། ། On September 20th, H.E. Ling Rinpoche gave a talk and the White Dzambhala initiation at Jamyang Buddhist Centre London-FPMT.