‹ News 2025

June 17, 2025

H.E. Ling Rinpoche Arrives to Devoted Welcomes in Nubra with Roadside Greetings Extending Miles and a Grand Welcome Ceremony at Diskit Monastery

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༡༧ ཉིན། ༸སྐྱབས་རྗེཡོངས་འཛིན་་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྭགས་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་ཆིབས་བསྒྱུར་སྐབས་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གི་ཕེབས་བསུའི་མཇལ་དར་ཕུལ་དགོན་པའི་མཁན་བླ་འདུས་མང་དང་། དེ་བཞིན་བསམ་གཏན་གླིང་དགོན་པའི་གནས་བརྟན་དབུ་ཆོས། ལ་དྭགས་ལྡུམ་རའི་རང་ལྗོངས་ཀྱི་དབུ་སྐྱོང་གཞོན་པ་དང་། ས་གནས་གཞོན་ནུ་ཚོགས་པ། ཨ་མ་ཚོགས་པ་བཅས་ནས་སེར་སྦྲེངས་དང་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ལྡུམ་རའི་ཕོ་བྲང་དུ་ཕེབས་སྟོན་མཛད་སྒོ་གཟབ་རྒྱས་གནང་། ཕེབས་ལམ་དུ་ལྡུམ་རའི་བདེ་དགོན་གྱི་འཐུས་མི་དང་དད་ལྡན་རྣམས་ཀྱི་མཚོ་གླིང་ཞེས་པའི་ས་གནས་སུ་ཕེབས་བསུ་གོ་སྒྲིག་ཞུས་པ་ལྟར་དབུ་གུར་ནང་ལྷོད་བཞུགས་མཛད། དེ་ནས་མཁར་རྫོང་དགོན་པ་དང་། མཁར་རྩ་དགོན་པར་ཆིབས་བསྒྱུར་གྱི་ཡུལ་མི་རྣམས་ལ་བཀའ་ཆོས་དང་བཀའ་སློབ་སྩལ། དེ་བཞིན་ཉེ་འཁོར་གྱི་ཡུལ་གྲོང་དང་། ལམ་སྒྲོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་སོགས་ལ་ཕྱག་དབང་སྩལ་སྐབས།

H.E. Kyabjé Yongzin Ling Rinpoche received a very grand welcome to Nubra, Ladakh at Diskit Monastery.

Rinpoche was warmly accompanied along the entire journey from Leh to Nubra by Kyabjé Thiksay Rinpoche for the deeply heartfelt reception.

The welcome ceremony began near Khardung La Pass, led with great devotion by the Abbots and senior monks of Diskit and Samten Ling Monasteries, along with the Deputy Chief Councillor of the Ladakh Hill Council Autonomous Region, the President of the Nubra Buddhist Association, and the heads of all Nubra’s villages.

Senior monks, dignitaries, and many local residents joined to offer their respects.Our heartfelt gratitude to everyone for the warm and respectful welcome in the breathtaking landscape of Nubra.

View video of extended roadside welcomes and visits en route to Nubra

‹ News 2025