‹ News 2025

December 16, 2025

H.E. Ling Rinpoche Receives Warm Welcome to Ling Khangtsen and Gives Precious Teachings

࿑ ཕྱི་ལོ་༢༠༢༥ ཕྱི་ཟླ། ༡༢ ཚེས། ༡༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གླིང་ཁང་ཚན་དུ་ཆིབས་བསྒྱུར་སྐབས་ཁང་ཚན་འདི་ཉིད་ཀྱི་རྒྱལ་སྲས་བླ་སྤྲུལ་ཁག་དང་། བཀའ་རབ་འབྱམས་དགེ་བའི་གཤེས་གཉེན་འདུས་ཚོགས་དམངས་དང་བཅས་པས་ཕེབས་བསུ་སེར་སྦྲེངས་ཀྱི་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་གཟིགས་དང་། སྣང་གསལ་མར་མེ་ཞལ་འབྱེད། འདུས་མང་ལ་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་སྐོར་ལ་བཀའ་ཆོས་དང་། དེ་བཞིན་བསླབ་པ་སློབ་གཉེར་གནང་ཕྱོགས་སྐོར་བཀའ་སློབ་སྩལ་སྐབས།

H.E. Ling Rinpoche visited Ling Khangtsen Drepung Loseling Monastery, where he received a warm and respectful reception, and gave a precious teaching to the monks.

‹ News 2025