‹ News 2025

January 25, 2025

H.E. Ling Rinpoche Speaks at and Delivers Message from H.H. the Dalai Lama at Auspicious 144th Maha Kumbh Mela and Sant Sammelan

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༡ ཚེས། ༢༥ ཉིན་རྒྱ་གར་བྱང་ཤར་ཨུ་དྷར་པར་དྷེ་མངའ་སྡེའི་གྲོང་ཁྱེར་ཨི་ལ་བྷ་སྡེ་ས་གནས་སུ་མཧཱ་ཀུམ་བྷ་མེ་ལའི་དུས་སྟོན་ཚོགས་ཆེན་གྱི་དབུ་བཞུགས་སུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ཞུས་ལྟར་ཆིབས་བསྒྱུར་གྱིས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་ཡིག་རིན་པོ་ཆེ་ལྗགས་ཀློག་གནང་ཅིང་དེ་རྗེས་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་”དེང་གི་འཛམ་གླིང་འདིར་གོ་ལའི་ཁོར་ཡུག་ཉམས་ཆག་དང་། སྤྱི་ཚོགས་ནང་དྲང་བདེན་མེད་པ། འཁྲུག་རྩོད་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པས་རིན་ཐང་བརྗོད་མ་ཐག་ཏུ་དེ་དག་དགོས་མཁོ་ཆེ་རུ་ཕྱིན་ཡོད། “ཨ་ཧིམ་ས”འཚེ་མེད་ཞི་བའི་རྩ་དོན་ནི་རྒྱ་གར་གྱི་སྲོལ་རྒྱུན་ནས་ད་བར་ལོ་ངོ་སྟོང་ཕྲག་མང་པོའི་རིང་ང་ཚོའི་སེམས་ཀྱི་གཅེས་ནོར་དུ་གནས་ཡོད། ཧིན་དྷུའི་ཆོས་ལུགས་ཀྱིས་འཚེ་མེད་ཞི་བ་ནི་འཇིག་རྟེན་འདིའི་བྱ་བ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་སློབ་སྟོན་གནང་གི་ཡོད་པ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་ནས་འཛམ་གླིང་འདི་ང་ཚོའི་ཁྱིམ་ཚང་གཅིག་གྱུར་གྱི་འདུ་ཤེས་འཛིན་པ་དང་། ཕན་ཚུན་འཆམ་མཐུན་ངང་གནས་དགོས་པར་གསུང་གི་ཡོད། འཚེ་མེད་ཞི་བ་ནི་ང་ཚོའི་འཚོ་གནས་ཁོར་ཡུག་སྲུང་སྐྱོབ་མ་བྱས་པར་གཏོར་བཤིག་བཏང་བ་ལ་བརྟེན་ནས་གནོད་འཚེ་མང་པོ་འཕྲད་བཞིན་པའི་དེང་གི་འཛམ་གླིང་འདིར་མེད་དུ་མི་རུང་བ་ཞིག་ཡིན། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གྱིས་མི་ས་ཡ་མང་པོར་ཆུ་ལོག་སོགས་ཀྱི་གནོད་འཚེ་འཕོག་བཞིན་པ་སོགས་ཀྱི་སྐོར་ལ་ཞིབ་ཕྲ་བཀའ་སློབ་སྩལ་ཅིང་། དེ་བཞིན་ལྷན་ཚོགས་ཐོག་ཕེབས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་མཇལ་ཕྲད་གནང་། མཧཱ་ཀུམ་བྷ་མེ་ལའི་དུས་སྟོན་ཆེན་མོ་འདི་བཞིན་རྒྱ་གར་བྱང་ཤར་ཨུ་དྷར་པར་དྷེ་མངའ་སྡེའི་གྲོང་ཁྱེར་ཨི་ལ་བྷ་སྡེ་ས་གནས་སུ་འཛམ་གླིང་ས་ཕྱོགས་ཁག་ནས་ཧིན་རྡུའི་ཆོས་བརྒྱུད་འཛིན་པ་མི་ས་ཡ་ལྔ་བཅུ་ལྷག་འདུ་འཛོམས་ཀྱིས་དུས་སྟོན་གྱི་མཛད་སྒོར་མཉམ་ཞུགས་བྱས་ཡོད། སྤྱིར་གཏང་ཀུམ་བྷ་མེ་ལྷའི་དུས་སྟོན་དེ་བཞིན་ལོ་༡༢ཐོག་རེ་རེ་ཚོགས་ཅིང་། ད་ལན་དམིགས་བསལ་ཁྱད་པར་ཅན་མཧཱ་ཀུམ་བྷ་མེ་ལྷའི་དུས་སྟོན་འདི་ལྟ་བུ་ནི་ལོ་ངོ་༡༤༤ ཐོག་ཐེངས་རེ་ཚོགས་སྲོལ་ཡོད་པའི་དུས་ཚེས་ཁྱད་པར་ཅན་དེ་བཞིན་འདི་ལོར་འཁེལ་བས་དེའི་ཉིན་མོར་ཆོས་ཕྱོགས་དབུ་ཁྲིད་ལྔ་བརྒྱ་ལྷག་ལྷན་འཛོམས་ཀྱི་ཆོས་ལུགས་ཚོགས་ཆེན་ཚུགས་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche attended and spoke at the profoundly auspicious 144th Maha Kumbh Mela and Sant Sammelan in Prayagraj, India. Addressing thousands of saints and devotees with a talk on unity (ekta) and non-violence (ahimsa), Rinpoche emphasized his commitment to promoting interfaith harmony and universal values.

Rinpoche was honored to deliver a moving message from His Holiness the Dalai Lama at the Sant Sammelan gathering.

The Maha Kumbh Mela, celebrated once in 12 years, carries immense spiritual significance, attracting millions of pilgrims and saints from across the world, sharing timeless teachings that transcend cultural and religious boundaries. This historic event in 2025 is the most auspicious of all the Maha Kumbh Melas in the past 144 years, due to a rare alignment of planets, according to Vedic astrology.

H.H. the Dalai Lama’s and H.E. Ling Rinpoche’s messages of unity and non-violence at this momentous event contributed to the collective aspiration for peace and harmony.

‹ News 2025