2026 News – Ling Rinpoche

2026 News

2026 News

November 14, 2026

H.E. Ling Rinpoche Visits Venerable Gen Kalzang Tenpa at Gowo Khangtsen

࿑ ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༤ ཉིན་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གོ་བོ་ཁམས་ཚན་དུ་ཆེད་ཕེབས་མཛད་དེ་དགུང་གྲངས་ཧྲིལ་བོ་བརྒྱར་སོན་ཞིང་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་རྒན་སྐལ་བཟང་བསྟན་པ་མཆོག་ལ་འཚམས་ཞུའི་མཇལ་དར་འབུལ་གནང་མཛད་ཅིང་། རྒན་མཆོག་རང་རེའི་གྲྭ་ཚང་རིན་པོ་ཆེའི་ནང་ནས་སྐུ་ན་བགྲེས་ཤོས་སུ་ཕེབས་པར་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་མཐའ་དག་བགེགས་མེད་ལྷུན་གྱི་འགྲུབ་པའི་ཐུགས་སྨོན་མཛད་སྐབས་ཀྱི་སྐུ་པར། ། His Eminence Kyabjé Yongzin Ling Rinpoche visited the Gowo Khangtsen of Drepung Loseling Monastery in Mundgod to meet Venerable … Read more

November 13, 2026

H.E. Ling Rinpoche Visits and Gives Talk at Ling Khangtsen

࿑ ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༣ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འབྲས་སྤུངས་བློ་གསལ་གླིང་གླིང་ཁང་ཚན་དུ་ཆིབས་བསྒྱུར་བསྐྱངས་སྐབས་རང་རེའི་ཁང་ཚན་གྱིས་རྒྱལ་སྲས་བླ་སྤྲུལ་ཁག་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཁང་ཚན་རྒན་འདུས་མང་དང་བཅས་པའི་ཕེབས་བསུ་སེར་སྦྲེང་གི་སྔོན་བསུས་ཏེ་གཙུག་ལག་ཁང་གནས་གཟིགས་དང་། བཞུགས་ཁྲིར་འཁོད་མཚམས། མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཤིང་། དེ་རྗེས་གསོལ་ཇ་བཞེས་འབྲས་དང་། འདུས་མང་ལ་བཀའ་སློབ་་སྩལ་སྐབས། ། His Eminence Kyabjé Yongzin Ling Rinpoche visited Ling Khangtsen where He was warmly welcomed by … Read more

November 12, 2026

H.E. Ling Rinpoche Consecrates Memorial Stupa of Late Kyabjé Lati Rinpoche at Lati Labrang in Ganden Monastery

࿑ ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༢ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མོན་གྷོ་ཊི་དགའ་ཤར་བླ་ཏི་བླ་བྲང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཆིབས་བསྒྱུར་བསྐྱངས་ཏེ། ༸སྐྱབས་རྗེ་མཁན་ཟུར་བླ་ཏི་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ་ནས་འཚམས་ཞུའི་མཇལ་དར་དང་། སེར་སྦྲེངས་སྤོས་སྣེས་སྔོན་བསུས་ཏེ་ཚོམས་ཆེན་དུ་གདན་ཞུ་མཛད་དེ་༸སྐྱབས་རྗེ་མཁན་ཟུར་བླ་ཏི་རིན་པོ་ཆེའི་གདུང་རྟེན་རིན་པོ་ཆེར་རབ་གནས་དང་ཐུགས་སྨོན་མཛད། དེ་རྗེས་གཟིམ་ཆུང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས། ཡང་སྲིད་རིན་པོ་ཆེ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཤིང་། དེ་རྗེས་གསོལ་ཇ་བཞེས་འབྲས་དང་། དགུང་ཚིགས་ལྷན་དུ་འབུལ་བཞེས་སྐབས་ཀྱི་སྐུ་པར། ། His Eminence Kyabjé Yongzin Ling Rinpoche was invited to visit Lati Labrang at Ganden … Read more

November 11, 2026

H.E. Ling Rinpoche Meets with the Reincarnation of Kyabjé Lho Chö Rinpoche

࿑ ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༡ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མོན་གྷོ་ཊི་འབྲས་སྤུངས་བློ་གསལ་གླིང་བློ་ཆོས་བླ་བྲང་དུ་ཆིབས་བསྒྱུར་སྐབས། ༸སྐྱབས་རྗེ་བློ་ཆོས་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ་ནས་འཚམས་ཞུའི་མཇལ་དར་དང་། སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གཟིམ་ཆུང་དུ་གདན་ཞུའི་མཛད་དེ་བཞུགས་ཁྲིར་འཁོད་མཚམས་ཡང་སྲིད་རིན་པོ་ཆེ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཅིང་། དེ་རྗེས་གསོལ་ཇ་བཞེས་འབྲས་འབུལ་ལམ་ཞུས། ཡང་སྲིད་རིན་པོ་ཆེ་དཔལ་ལྡན་འབྲས་སྤུངས་སུ་ཆོས་ཞུགས་གནང་བའི་རྟེན་འབྲེལ་སླད་༸སྐྱབས་རྗེ་གླིང་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཕྱོགས་བཅུ་རྒྱལ་བ་སྲས་དང་བཅས་པའི་མཁྱེན་རབ་ཀྱི་རང་གཟུགས་གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྣང་བརྙན་རིན་པོ་ཆེ་འབུལ་གནང་ཞུས་ཏེ། ཡང་སྲིད་རིན་པོ་ཆེ་མཆོག་གི་གསན་བསམ་སློབ་གཉེར་མཐར་སོན་ཞིང་། བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་ཐུགས་སྨོན་ཟབ་མོ་མཛད། དེ་བཞིན་ཡང་སྲིད་རིན་པོ་ཆེ་མཆོག་ནས་ཀྱང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དད་མོས་ཆེན་པོས་བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་འབུལ་ལམ་ཞུས་ཏེ། སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་གསོལ་འདེབས་ཞུས། ། His Eminence Kyabjé Yongzin Ling Rinpoche visited the Lho Chö Labrang of … Read more

November 11, 2026

H.E. Ling Rinpoche Gives Talk on the Importance of Education at Drepung Loseling School

࿑ ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ལྷག་པ་སྐུའི་ལྷག་དཀར་ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭར་ཆིབས་བསྒྱུར་བསྐྱངས་སྐབས། དགེ་སློབ་རྣམས་ནས་ཕེབས་བསུ་སེར་སྦྲེང་གིས་སྔོན་བསུས་ཏེ་སློབ་གྲྭའི་ཚོགས་ཁང་དུ་གདན་ཞུ་ཞུས་ཤིང་། རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་། སྣང་གསལ་མར་མེ་ཞལ་འབྱེད་གནང་། ཟུར་དུ་གཟེངས་སུ་ཐོན་པའི་སློབ་གཉེར་བ་ཁག་གཅིག་ལ་བྱ་དགའ་གསོལ་སྩལ་དང་། སློབ་གྲྭའི་བྱུང་རིམ་དང་། སློབ་ཕྲུག་ཚོས་རང་མི་རིགས་ཀྱི་སྐད་ཡིག་རྨང་གཞིའི་ཐོག་དེང་དུས་ཤེས་ཡོན་ལ་འབད་བརྩོན་གྱིས་འདབ་གཤོག་གཉིས་ལྡན་དགོས་པའི་སྐོར་ལ་བཀའ་སློབ་ཟབ་མོ་སྩལ་བའི་སྐབས། His Eminence Kyabjé Yongzin Ling Rinpoche visited Drepung Loseling School, where He delivered a talk … Read more

November 11, 2026

H.E. Ling Rinpoche Wishes a Very Happy 71st Birthday to His Majesty Jigme Singye Wangchuck, Fourth King of Bhutan

འབྲུག་རྒྱལ་བཞི་པ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་གི་སྐུའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། རྒྱལ་པོ་ཆེན་པོ་སྐུ་ཚེའི་ཞབས་པད་བརྟན་ཅིང་། སྐུ་ཁམས་མཆོག་ཏུ་གསལ། ཐུགས་བཞེད་མཐའ་དག་འགྲུབ། ལུགས་གཉིས་ཀྱི་མཛད་པས་འཛམ་གླིང་སྤྱི་དང་ཡང་སྒོས་དཔལ་ལྡན་འབྲུག་གི་སྐྱེ་འགྲོ་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་ཞུ། Message from His Eminence Kyabjé Yongzin Ling Rinpoche: On the joyous occasion of the 71st Birthday of His Majesty Jigme Singye Wangchuck, the Fourth King … Read more

November 10, 2026

H.E. Ling Rinpoche Presides Over Second Day of Ordination Ceremony for 200 Novice Monks at Drepung Loseling Monastery

࿑ དེ་ཡང་ལོ་ཤས་སྔོན་ནས་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གི་དབུས་གྲྭ་ཚང་རིན་པོ་ཆེ་ནས་ཡང་ཡང་ཞུ་དོན་ལྟར་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཕུན་སུམ་ཚོགས་པ་བཞི་ཚང་བའི་སྒོ་ནས་གསར་བཞུགས་དགེ་འདུན་པ་བཅུ་ཕྲག་དགུའི་སྐོར་ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་སྐབས། ༡༽ གནས་ཕུན་སུམ་ཚོགས་པ།༸རྒྱལ་བའི་བསྟན་པའི་འབྱུང་གནས་ཆེན་པོ་རང་ཁོངས་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་སྔོན་བྱོན་དམ་པའི་ཕྱག་རྗེས་ཀྱིས་བྱིན་གྱིས་བརླབས་ཤིང་། ད་ལྟའང་མདོ་སྔགས་ཟུང་འབྲེལ་གྱི་འཆད་ཉན་རྒྱ་ཆེར་སྤེལ་སའི་གཙུག་ལག་ཁང་ཆེན་མོའམ་འདུས་ཁང་རིན་པོ་ཆེར། གསེར་ཟམ་ལྟ་བུའི་དགོན་པའི་ཁོར་ཡུག་ཕུན་སུམ་ཚོགས་པའི་ནང་དུ། ༢༽ ཆོས་ཕུན་སུམ་ཚོགས་པ་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་དགོངས་རྒྱན་འདུལ་བའི་སྡེ་སྣོད་ཀྱི་སྙིང་པོ། སོ་ཐར་གྱི་སྡོམ་པ་ནི་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་ཐོག་མའི་སྒོ་མོ་ཡིན་པར་བརྟེན། སོ་ཐར་སྡོམ་པའི་རྩ་བ་དགེ་ཚུལ་གྱི་སྡོམ་པ་འབོག་པའི་ཆོ་ག་མཁན་སློབ་ཀྱི་ཚུལ་དུ་གནང་སྟེ། སྔོན་འགྲོར་སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་འབོག་པ་དང་བཅས་པའི་དམ་པའི་ཆོས་བདུད་རྩིའི་རྒྱུན་བཟང་པོ་བསྩལ་བ། ༣༽ འཁོར་ཕུན་སུམ་ཚོགས་པ་མང་ཐོས་འདུལ་བ་འཛིན་པ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་། བླ་མ་གཞུང་ལེན་པ། དབུ་མཛད་ཆེན་མོ། གྲྭ་ཚང་གི་དཔེ་ཁྲིད་རྒན་རྣམ་པ་སོགས་བཤད་སྒྲུབ་ཀྱི་འཁོར་ལོས་སྒྱུར་བའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་། ལྷག་པར་དུ་གདན་ས་ཆེན་པོར་གསར་དུ་ཞུགས་པའི་རིགས་རུས་དབྱེར་མེད་ཀྱི་དད་པ་ཕུན་སུམ་ཚོགས་པའི་དགེ་འདུན་པ་བཅུ་ཕྲག་དགུའི་སྐོར་བཅས་ཁ་སྐོང་འོས་པའི་དགེ་འདུན་གྱི་སྡེ་ཚོགས་རྣམ་པར་དག་པ་འཛོམས་པའོ།། ༤༽ དུས་ཕུན་སུམ་ཚོགས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ལྔ་མཆོད་ཟླ་བའི་དུས་ཚིགས་བཟང་པོ་སྟེ། ཕུན་ཚོགས་བཞི་ལྡན་གྱི་དུས་སྐབས་ཁྱད་པར་ཅན་གྱི་ཉིན་མོའི་སྐུ་པར། ། His Eminence Kyabjé … Read more

November 9, 2026

H.E. Ling Rinpoche Presides Over First Day of Novice Monk Ordination Ceremony Drepung Loseling Monastery in India

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༨ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཕུན་སུམ་ཚོགས་པ་བཞི་ཚང་བའི་སྒོ་ནས་ གསར་བཞུགས་དགེ་འདུན་པ་བཅུ་ཕྲག་དགུའི་སྐོར་ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་སྐབས། ༡༽ གནས་ཕུན་སུམ་ཚོགས་པ།༸རྒྱལ་བའི་བསྟན་པའི་འབྱུང་གནས་ཆེན་པོ་རང་ཁོངས་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་སྔོན་བྱོན་དམ་པའི་ཕྱག་རྗེས་ཀྱིས་བྱིན་གྱིས་བརླབས་ཤིང་། ད་ལྟའང་མདོ་སྔགས་ཟུང་འབྲེལ་གྱི་འཆད་ཉན་རྒྱ་ཆེར་སྤེལ་སའི་གཙུག་ལག་ཁང་ཆེན་མོའམ་འདུས་ཁང་རིན་པོ་ཆེར། གསེར་ཟམ་ལྟ་བུའི་དགོན་པའི་ཁོར་ཡུག་ཕུན་སུམ་ཚོགས་པའི་ནང་དུ། ༢༽ ཆོས་ཕུན་སུམ་ཚོགས་པ་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་དགོངས་རྒྱན་འདུལ་བའི་སྡེ་སྣོད་ཀྱི་སྙིང་པོ། སོ་ཐར་གྱི་སྡོམ་པ་ནི་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་ཐོག་མའི་སྒོ་མོ་ཡིན་པར་བརྟེན། སོ་ཐར་སྡོམ་པའི་རྩ་བ་དགེ་ཚུལ་གྱི་སྡོམ་པ་འབོག་པའི་ཆོ་ག མཁན་སློབ་དབུ་གསུམ་གྱི་ཚུལ་དུ་གནང་སྟེ། སྔོན་འགྲོར་སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་འབོག་པ་དང་བཅས་པའི་དམ་པའི་ཆོས་བདུད་རྩིའི་རྒྱུན་བཟང་པོ་བསྩལ་བ། ༣༽ འཁོར་ཕུན་སུམ་ཚོགས་པ་མང་ཐོས་འདུལ་བ་འཛིན་པ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་། བླ་མ་གཞུང་ལེན་པ། དབུ་མཛད་ཆེན་མོ། གྲྭ་ཚང་གི་དཔེ་ཁྲིད་རྒན་རྣམ་པ་སོགས་བཤད་སྒྲུབ་ཀྱི་འཁོར་ལོས་སྒྱུར་བའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་། ལྷག་པར་དུ་གདན་ས་ཆེན་པོར་གསར་དུ་ཞུགས་པའི་རིགས་རུས་དབྱེར་མེད་ཀྱི་དད་པ་ཕུན་སུམ་ཚོགས་པའི་དགེ་འདུན་པ་བཅུ་ཕྲག་དགུའི་སྐོར་བཅས་ཁ་སྐོང་འོས་པའི་དགེ་འདུན་གྱི་སྡེ་ཚོགས་རྣམ་པར་དག་པ་འཛོམས་པའོ།། ༤༽ དུས་ཕུན་སུམ་ཚོགས་པ་མཉམ་མེད་ཐུབ་པའི་དབང་པོ་ལྷ་ལས་བབས་པའི་ཟླ་བའི་དུས་ཚིགས་བཟང་པོ་སྟེ། ཕུན་སུམ་ཚོགས་པ་བཞི་ལྡན་གྱི་དུས་སྐབས་ཁྱད་པར་ཅན་གྱི་ཉིན་མོའི་སྐུ་པར། ། His … Read more