‹ News 2025

May 18, 2025

H.E. Ling Rinpoche Gives Dharma Teachings at Long Hung Pagoda in Hanoi

࿑ ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡༨ ཉིན་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཝེ་ཏི་ནམ་གྱི་རྒྱལ་ས་ཧ་ནོའི་ས་གནས་ལོངས་ཧུང་དགོན་དུ་(LONG HUNG PAGODA) ཆིབས་བསྒྱུར་སྐབས་དགོན་པའི་མཁན་རིན་པོ་ཆེ་Thich Quang Lam ཐའི་ཆི་ཁུ་ཨང་ལམ་མཆོགདང་། དགེ་འདུན་པ། བཙུན་མ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཀྱི་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་གཟིགས་མཛད་ཅིང་། དེ་རྗེས་གསུང་ཆོས་ར་བར་གདན་ཞུས་ཀྱིས་བཀའ་བདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་། ཉིན་རྒྱབ་བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་བསྡུས་པ་ཡོན་ཏན་གཞི་གྱུར་མའི་བཀའ་ཆོས་བཀའ་དྲིན་ཆེ་སྩལ་མཛད་ཅིང་། ལོངས་ཧུང་དགོན་པར་དལ་རྟེན་དུ་སྟོན་པའི་སྣང་བརྙན་རིན་པོ་ཆེ་གསོལ་སྩལ་བཅས་ཀྱི་སྐུ་པར། །

H.E. Ling Rinpoche was warmly welcomed upon arrival at the Long Hung Pagoda in Hanoi, where he was received by the Abbot of Thích Quang Lam Long Hung Pagoda, along with monks, nuns, and devoted students.

On this auspicious occasion, Rinpoche bestowed the teachings on The Eight Verses thought Transformation and The Foundation of All Good Qualities, bringing great inspiration and blessings to all in attendance.

The gathering also featured Dharma songs and other devotional performances, creating a joyful and deeply spiritual atmosphere.

The heartfelt reception and participation reflected the sincere devotion of the Vietnamese Buddhist community.

‹ News 2025