
H.E. Ling Rinpoche Bestows Refuge Vows and Sarasvasti Initiation at Sui Pagoda in Hanoi
࿑ ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡༧ ཉིན་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཝེ་ཏི་ནམ་གྱི་རྒྱལ་ས་ཧ་ནོའི་ས་གནས་ལུ་ཨི་དགོན་དུ་(Sui Pagoda) ཆིབས་བསྒྱུར་སྐབས་དགོན་པའི་མཁན་རིན་པོ་ཆེ་དང་། དགེ་འདུན་པ། བཙུན་མ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཀྱི་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གདན་ཞུ་མཛད་ཅིང་། ་ལོང་ཧུང་དགོན་པར་དལ་རྟེན་དུ་སྟོན་པའི་སྣང་བརྙན་རིན་པོ་ཆེ་གསོལ་སྩལ་མཛད། དེ་རྗེས་སྔ་དྲོ་སྐྱབས་འགྲོའི་སྡོམ་པ་འབོག་ཆོག་དང་། ཉིན་རྒྱབ་ཤེས་རབ་ལྷ་མཆོག་ཁྱད་པར་ཅན་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་བཅས་པ་བཀའ་དྲིན་ཆེ་སྩལ་མཛད། དེ་བཞིན་སེམས་ཅན་ཚེ་ཐར་གཏོང་སར་ཕེབས་ཏེ་ཐུགས་སྨོན་བདེན་ཚིག་གནང་སྐབས་བཅས་ཀྱི་སྐུ་པར། །
H.E. Ling Rinpoche was warmly welcomed upon arrival at the Sui Pagoda in Hanoi, where he was received by the Venerable Thich Thanh Phuong, Abbot of Sui Pagoda, along with the monks, nuns and devoted students.
On this auspicious occasion, Rinpoche bestowed the Refuge Vows and the Sarasvasti (Yangchenma) initiation, bringing great inspiration and blessings to all in attendance. The gathering also featured presentations of Dharma songs and other devotional performances, creating a joyful and deeply spiritual atmosphere. The heartfelt reception and participation reflected the sincere devotion of the Vietnamese Buddhist community.


