‹ News 2025

June 2, 2025

H.E. Ling Rinpoche Receives Heartfelt Receptions from the Tibetan and Himalayan Communities Along the Drive to Zanskar

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༥ ཚེས། ༢ ཉིན། ༸སྐྱབས་རྗེཡོངས་འཛིན་་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྭགས་ཁུལ་དུ་ཀུ་ལུ་མུ་ན་ལི་བརྒྱུད་ནས་ཆིབས་བསྒྱུར་སྐབས་མཎ་ཌི་བོད་མིའི་ས་གནས་གཞིས་མགོ་དང་མ་ན་ལི་ས་གནས་གཞིས་མགོས་དབུས་དགོན་པ་ཁག་གི་སྐུ་ཚབ་དང་དགེ་འདུན་པ་རྣམ་པ། ས་གནས་ཚོགས་པ་ཁག་གི་འགན་འཛིན་དང་ལས་བྱེད་པ། དེ་བཞིན་ས་གནས་མི་དམངས་བཅས་ནས་ཕེབས་བསུ་དང་། གཞིས་ཆགས་གསར་པ་ཕུན་ཚོགས་རབ་རྒྱས་གླིང་དུ་ཆིབས་བསྒྱར་གྱིས་གཞིས་ཆགས་ཀྱི་ཚོགས་ཁང་དང་། མ་ཎི་ལག་བསྐོར་ལ་རབ་གནས་བཅས་གནང་། དེ་ནས་འོན་མངའ་རིས་གྲྭ་ཚང་དུ་ཆིབས་བསྒྱུར་སྐབས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་དགོན་པའི་མཁན་རིན་པོ་ཆེ་མཆོག་དང་། དབུ་ཆོས་ལས་སྣེ་འདུས་མངས་བཅས་ནས་ཕེབས་བསུ་སེར་སྦྲེངས་དང་བཅས་གཙུག་ལག་ཁང་དུ་གནས་གཟིགས་དང་། དགོན་པའི་མཁན་རིན་པོ་ཆེ་མཆོག་དང་། ས་གནས་སྐུ་ངོ་གཞིས་མགོ། ས་གནས་རྒྱ་གར་དཔོན་རིགས་ར་ཝིན་ཁྲ་སྐོར་བཅས་ནས་མཎྜལ་རྟེན་གསུང་འདེགས་འབུལ་ཞུས་ཅིང་། ཚེས་༣ ཉིན་སྔ་དྲོ་ཀུ་ལུ་མ་ན་ལི་བོད་མིའི་གཞིས་ཆགས་ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་དད་ལྡན་སེར་སྐྱ་ཡོངས་ལ་སྒྲོལ་མ་དང་གཟུངས་སྔགས་འགའ་ཞིག་གི་ལྗགས་ལུང་། བླང་དོར་གྱི་བཀའ་སློབ་བཀའ་དྲིན་ཆེ་སྩོལ་སྐབས་ཀྱི་སྐུ་པར། །

H.E. Kyabjé Yongzin Ling Rinpoche commenced his month-long teaching tour of Ladakh.

On the drive from Dharamsala to Zanskar via Manali, the Tibetan and Himalayan communities of Mandi, Kullu, and Manali warmly welcomed him with heartfelt receptions along the way.

The devotion and warmth shown by the people beautifully reflect their deep connection to the Dharma.

In Manali, H.E. Ling Rinpoche gave a short teaching and a public talk to the people of Manali.

View highlights of visit on Youtube

‹ News 2025