
August 6, 2025
H.E. Ling Rinpoche Warmly Greeted at Melbourne Airport
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༨ ཚེས། ༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་བན་(MELBOURNE)རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་བསྒྱུར་སྐབས་བོད་ཀྱི་ནང་པའི་ཆོས་ཚོགས་དང་། སྒྲོལ་མའི་ཆོས་ཚོགས། ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན་དེ་བཞིན་དད་ལྡན་སེར་སྐྱ་རྣམས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཅིང་དེ་རྗེས་བོད་ཀྱི་ནང་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་གྱིས་གཙུག་ལག་ཁང་དུ་ཕེབས་བསུའི་མཛད་སྒོ་བསྲུང་བརྩི་ཞུ་སྐབས་བཅས་ཀྱི་སྐུ་པར། །
H.E. Ling Rinpoche was warmly greeted at Melbourne Airport by representatives and members of the Tibetan Buddhist Society, Tara Centre, and the Tibetan Community of Melbourne.

























