‹ News 2026

February 2, 2026

H.E. Ling Rinpoche Respectfully Marks the Passing of H.E. Dagri Rinpoche

༄༅། །འཇམ་མགོན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་བྲག་རི་རིན་པོ་ཆེ་ཐུབ་བསྟན་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཤིན་ཏུ་བློ་ཕམ་དང་བཅས། བླ་བྲང་གི་སྐུ་འཁོར་རྣམས་དང་གང་གི་ཞལ་སློབ་ཕྱི་ནང་མི་རིགས་ཀུན་ལ་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། སྤྱིར་ན་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་སྐུ་ཕྲེང་གོང་མ་རྣམས་དང་། བྲག་རི་རྡོ་རྗེ་འཆང་སྐུ་ཕྲེང་དང་པོ་ལམ་རིམ་པ་རྒྱ་མཚོ་མཐའ་ཡས་དཔལ་བཟང་པོ་མཆོག་དང་། སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་འབྱོར་རྒྱ་མཚོ། སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་རྣམ་རྒྱལ་། སྐུ་ཕྲེང་བཞི་པ་བློ་བཟང་ལུང་རིགས་རྒྱ་མཚོ་དབང་རྒྱལ་དཔལ་བཟང་པོ་ལ་སོགས་པ་སྐུ་ཕྲེང་གོང་མ་རྣམས་དང་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཡོད་ཅིང་། ངོས་རང་ཆུང་ངུ་དུས་ནས་བྲག་རི་རིན་པོ་ཆེ་ཐུབ་བསྟན་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་མཆོག་ངོ་ཤེས་པ་མ་ཟད་༸རྒྱལ་དབང་ཐམས་ཅད་མཁྱེན་པས་དབུས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་དུ་མའི་དྲུང་ནས་དབང་ལུང་མན་ངག་ནོད་པའི་སྐབས་སུ་ཕན་ཚུན་ཆོས་ཀྱི་གྲོགས་པོ་ཡང་ཡིན་ད་ལན་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་པས་རིན་པོ་ཆེ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པ་དང༌། གོང་མའི་རྣམ་ཐར་བདག་གིར་སྐྱོང་བའི་གསོལ་འདེབས་དང་བཅས་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་མིང་པས་ཕྱི་ལོ། ༢༠༢༦ ཟླ་བ། ༢ ཚེས། ༢ ཉིན། །

H.E. Ling Rinpoche respectfully marks the passing of His Eminence Dagri Rinpoche. A great holder of the holy Dharma, his life of wisdom, compassion, and selfless service benefited countless sentient beings.

We dedicate our prayers to the continued flourishing of his teachings, and may he swiftly return to this world for the benefit of all beings.

‹ News 2026