‹ News 2026

June 27, 2026

H.E. Ling Rinpoche Gives Teachings and Initiation for Swiss Communities, Organized by Tibetan Community of Basel

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༦ ཚེས། ༢༧ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སུ་ཛ་ལཎྜི་གྲོང་ཁྱེར་བྷར་སལ་དུ་བོད་རིགས་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་རྣམས་ལ་བཀའ་བདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེའི་གསུང་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་། ཇོ་ལུགས་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ཡི་གེ་དྲུག་པའི་རྗེས་གནང་བཀའ་དྲིན་ཆེ་སྩལ། འཇུག་ཏུ་བོད་མི་ཚོས་རྒྱལ་བའི་ཐུགས་རྗེ་བཀའ་དྲིན་སྙིང་དབུས་སུ་བཅངས་ནས་བོད་མི་རེ་རེ་ནས་མི་རིགས་ཀྱི་འགན་འཁུར་དགོས་པ་དང་། ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐོག་ས་གནས་གང་དུ་སླེབས་ཀྱང་རང་ཉིད་བོད་མི་ཡིན་པའི་འདུ་ཤེས་མ་བརླག་པ་དགོས་པ་དང་། ལྷག་དོན་་དེང་དུས་ཤེས་ཡོན་གྱི་གནས་ཚད་ཞན་པའི་དབང་གིས་རང་ཡུལ་རྒྱ་ལག་ཏུ་ཤོར་བ་བྱུང་ཡོད་པས་གཞོན་སྐྱེས་ཚོས་རང་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཐོག་དེང་དུས་ཤེས་ཡོན་ལ་སྦྱངས་པ་ཧུར་བསྐྱེད་གནང་དགོས་པའི་སྐོར་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་ཆེ་སྩལ། འཇུག་ཏུ་བོད་ཕྲུག་གསར་སྐྱེས་ཚོའི་སྐྲ་ཕུད་བཞེས་སྐབས་བཅས་ཀྱི་སྐུ་པར། །

H.E. Ling Rinpoche gave teachings on the Eight Verses of Thought Transformation (Lojong) and conferred the Four Arm Avaloketeshvara Initiation to the people of Switzerland in Basel. The event was kindly organized by the Tibetan Community of Basel.

‹ News 2026