‹ News 2026

August 13, 2026

H.E. Ling Rinpoche Offers Heartfelt Condolences on Passing of Former Throne Holder of Drepung Monastery, Khenpo Tripa Most Venerable Kunchok Pasang

Message of Condolence and Reverent Homage from His Eminence Kyabjé Yongzin Ling Rinpoche

མྱ་ངན་གུས་འདུད་ཀྱི་ཞུ་འཕྲིན།

༄༅། །ཞྭ་སེར་བསྟན་པའི་གསལ་བྱེད་འབྲས་སྤུངས་མཁན་ཁྲི་ཟུར་པ་ཚུལ་ཁང་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག །རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་རུ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་སླད་དགུང་གྲངས་༩༨ ཐོག་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་སེམས་ཀྱི་གཏིང་ནས་མྱ་ངན་གུས་འདུད་ཞུ་རྒྱུ་དང༌། འདི་ནས་དམ་པ་གང་གི་ཞལ་སློབ་དང༌། གྲྭ་ཚང༌། ཁང་ཚན། ་གཞིས་དགོན། བླ་བྲང་གི་སྐུ་འཁོར་སོགས་འབྲེལ་ཡོད་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཚམས་འདྲི་ཞུ་བ་དང་སྦྲགས། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་ཅིང་། གོང་མའི་རྣམ་ཐར་བཟང་པོ་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས།།

ཕྱི་ལོ། ༢༠༢༦ ཟླ་བ། ༨ ཚེས། ༡༣ ཉིན་ཡོངས་འཛིན་ཁྲི་ཆེན་་གླིང་སྤྲུལ་མིང་པས་ལ་དྭགས་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་ནས། །

On August 13, 2026 from Thiksey Sherab Kyetsel Ling, Ladakh

‹ News 2026