H.E. Ling Rinpoche Celebrates and Offers Heartfelt Prayers for His Teacher’s Enthronement as 104th Abbot of Gyumey Tantric Monastery
࿑ ཕྱི་ལོ། ༢༠༢༦ ཟླ་བ། ༡༠ ཚེས། ༡༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུའི་ཡོངས་འཛིན་བཀའ་དྲིན་མཚུངས་མེད་དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་བློ་གླིང་དཔེ་ཐུབ་དགེ་བཤེས་རྗེ་བཙུན་ཐུབ་བསྟན་རབ་རྒྱས་དཔལ་བཟང་པོ་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རབས་ ༡༠༤ པའི་ཁྲིར་ཕེབས་པའི་རྟེན་འབྲེལཛད་སྒོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་་སྦྲགས་རྒན་རིན་པོ་ཆེ་མཆོག་བདག་སོགས་་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱི་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ། །་
His Eminence Kyabjé Yongzin Ling Rinpoche’s esteemed teacher, the Venerable Geshe Thupten Rabgye was enthroned as the 104th Abbot of Gyumey Tantric Monastery.
His Eminence celebrates this auspicious and significant ocassion, offering His heartfelt prayers and wishes for His esteemed teacher’s, long life, good health, and the continued success and flourishing of all his precious Dharma activities for the benefit of all sentient beings.































