‹ News 2023

May 31, 2023

H.E. Ling Rinpoche Confers Intiation and Gives Advice to Tibetans in France

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༣༡ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཧྥ་རན་སིའི་དད་ལྡན་བོད་རིགས་གཙོ་གྱུར་གྱི་ཕྱི་རྒྱལ་མི་རིགས་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བཀའ་དྲིན་ཆེ་སྩོལ་མཛད་ཅིང་། འཇུག་ཏུ་བོད་རིགས་ཚོར་བཀའ་སློབ་སྩལ་དོན་སྤྱིར་ན་འཛམ་གླིང་ཡུལ་གྲུ་གང་སར་རང་རིགས་མང་པོ་ཞིག་ལོ་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད་ལ་ལྷག་དོན་ཧྥ་རན་སིའི་ནང་བོད་རིགས་གྲངས་འབོར་ཤིན་ཏུ་མང་ཞིང་ལུང་པ་འདི་རིགས་གཞུང་གི་ཆ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་འདྲས་ལུང་པ་ཕུན་སུམ་ཚོགས་པའི་ནང་ལ་བོད་རིགས་སྤུན་ཟླ་མང་པོ་འདི་འདྲས་ཡོད་པ་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་རེད། ས་གནས་གང་དུ་སླེབས་ཀྱང་སོ་སོའི་མི་རིགས་ཀྱི་ངོ་བོ་མ་བརླག་པ་བྱེད་དགོས་པ་མ་ཟད། བོད་ཀྱི་ཆོས་དང་རིགས་གཞུང་མི་ཉམས་རྒྱུན་གནས་ཡོང་བར་འབད་བརྩོན་གནང་དགོས། རིགས་གཞུང་གི་རྩ་བ་སྐད་ཡིག་ལ་ཐུག་པས་ཕྱི་རྒྱལ་ལུང་པའི་ནང་ད་ལྟའི་འཆར་རྒྱ་བལ་འབྲུག་གསུམ་བཞིན་དུ་བོད་པའི་སློབ་གྲྭ་ཟུར་དུ་མེད་ནའང
མ་འོངས་པར་ཡོང་སྲིད་པ་ཞིག་རེད། འདི་གར་གཟའ་འཇུག་སློབ་གྲྭའི་ནང་བོད་ཡིག་དང་། ཆོས་དང་རིགས་གཞུང་ངོ་སྤྲོད་དང་སྦྱངས་བརྩོན་བྱས་ནས་ཕན་ཐོགས་ཡོང་དང་ཡོང་བཞིན་པ་ཡིན་ཀྱང་གཙོ་བོ་ནང་ལ་ཕ་མ་ཚོས་ངེས་པར་བོད་སྐད་ཤོད་དགོས་ལ་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་བཟང་རྒྱུན་འཇགས་ཡོང་གནས་སྐོར་ལ་བསླབ་བྱ་རྒྱབ་དགོས། བོད་པ་ག་ཚོད་མང་པ་ཡོད་པ་དེའི་ཚོད་ཀྱི་ས་ཁུལ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་ཚང་མས་ཁུར་མཉམ་ལེན་ཐོག་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཆོས་སྲིད་ཀྱི་ཐོག་ལ་བཀའ་སློབ་རབ་དང་རིམ་པ་སྩལ་ཡོད་པ་དེ་དག་ཐུགས་ལ་བཞག་ནས་ནང་ཁུལ་འཆམ་མཐུན་དང་བོད་མི་རིགས་ཀྱི་ངོ་བོ་མ་བརླག་པ་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་གསུངས།།

On 31st May, H.E. Ling Rinpoche bestowed a Buddha Amitayus Long Life (Tsewang) initiation and gave advice to a large gathering of Tibetans in France.

‹ News 2023