H.E. Ling Rinpoche Shares Deepest Sympathy and Prayers Over Earthquake in Tibet
࿑ རང་ཡུལ་ཁ་བ་གངས་ཅན་གྱི་ལྗོངས་སུ་ས་ཡོམ་གྱི་གནོད་འཚེས་གོད་ཆགས་ཤུགས་ཆེའི་་ཁྲོད་རང་རིགས་སྤུན་ཟླ་མང་པོ་ཤི་རྨས་བྱུང་བར་ཡིད་གདུང་དང་བཅས་ས་ཡོམ་གོད་ཆགས་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་མྱུར་དུ་ཟུང་འཇུག་རྒྱལ་བའི་གོ་འཕང་ཐོབ་པ་དང་། ཤུལ་ལུས་རྣམས་ཀྱི་དངངས་སྐྲག་དཀའ་སྡུག་མཐའ་དག་ཞི་ནས་ཚེ་ལྷག་དོན་ལྡན་ཡོང་བ། འབྱུང་བཞིའི་གནོད་འཚེ་མྱུར་དུ་ཞི་ནས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་འདུན་ཤུགས་དྲག་དང་བཅས། །
ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་མིང་པས། །
Message from H.E. Ling Rinpoche:
My deepest sympathy and prayers are with all those who have lost their lives, loved ones, and homes, as well as those who have been injured in this tragic event. My heart is with all of you in this time of immense sorrow.
May the strength and love of our global community, along with the blessings of the Three Jewels, support and guide you through this difficult time.
With unwavering prayers,
Ling Rinpoche