‹ News 2025

February 12, 2025

H.E. Ling Rinpoche is Chief Guest at Graduation Ceremony for Drepung Loseling Monastic School

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༡༢ རེས་གཟའ་ལྷག་པའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་དཔལ་ལྡན་འབྲས་སྤུངས་མཁས་མངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སློབ་གྲྭར་ཆིབས་བསྒྱུར་སྐབས་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཕེབས་བསུ་གཟབ་རྒྱས་ཐོག་སློབ་གྲྭའི་ཚོམས་ཆེན་ནང་གདན་ཞུས་ཀྱི་བཀའ་སློབ་སྩལ་དོན། སློབ་ཕྲུག་ཚོས་དཔེ་ཀློག་མཐར་ཐུག་གི་དམིགས་ཡུལ་དང་དཔེ་ཀློག་གི་རིན་ཐང་ཤེས་པའི་ཐོག་འདབ་གཤོག་གཉིས་ལྡན་དགོས་པ་དང་། བསླབ་པ་མཐར་སོན་ནས་དགོན་པ་གྲྭ་ཚང་ནང་བཞུགས་ཡག་

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༡༢ རེས་གཟའ་ལྷག་པའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་དཔལ་ལྡན་འབྲས་སྤུངས་མཁས་མངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སློབ་གྲྭར་ཆིབས་བསྒྱུར་སྐབས་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཕེབས་བསུ་གཟབ་རྒྱས་ཐོག་སློབ་གྲྭའི་ཚོམས་ཆེན་ནང་གདན་ཞུས་ཀྱི་བཀའ་སློབ་སྩལ་དོན། སློབ་ཕྲུག་ཚོས་དཔེ་ཀློག་མཐར་ཐུག་གི་དམིགས་ཡུལ་དང་དཔེ་ཀློག་གི་རིན་ཐང་ཤེས་པའི་ཐོག་འདབ་གཤོག་གཉིས་ལྡན་དགོས་པ་དང་། བསླབ་པ་མཐར་སོན་ནས་དགོན་པ་གྲྭ་ཚང་ནང་བཞུགས་ཡག་གི་མཐུན་པའི་རྐྱེན་ལ་འགྲོ་ཐུབ་དགོས་ཅིང་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་དེ་ཉིན་རེའི་འཚོ་བའི་ནང་ལག་བསྟར་ཐུབ་པ་་ཞིག་བྱེད་དགོས་པའི་སྐོར་ལ་བཀའ་སློབ་སྩལ་ཅིང་། དེ་བཞིན་འཛིན་རིམ་བཅུ་པ་མཐར་སོན་པའི་སློབ་མ་དང་། རྩེ་ཕུད་རྣམ་ལ་བྱ་དགའ་གསོལ་སྩལ། སློབ་གྲྭའི་དུས་དེབ་གངས་སུལ་རོལ་དབྱངས་སྤྱིའི་འདོན་ཐེངས་ཉེར་བརྒྱད་པ་དབུ་འབྱེད། དགེ་ལས་སློབ་ཕྲུག་དང་ལྷན་དུ་སྒྲོན་པའི་སྐུ་པར་བཅས། །

H.E. Ling Rinpoche visited Drepung Loseling Monastic School as the Chief Guest at the official graduation ceremony for the 10th class students of 2024, on this auspicious day.

During this visit, Rinpoche provided teachings and guidance, emphasizing the importance of deepening one’s understanding through reading and recognizing the value of texts. Additionally, Rinpoche highlighted the importance of successfully completing their education and eventually residing within the monastery as disciplined and respectful members. Furthermore, Rinpoche underscored the need for a proper environment conducive to learning and self-improvement, ensuring that students cultivate good habits and apply them in their daily lives.

Rinpoche also inaugurated the annual magazine, Gangsol Rolyang, blessed the teachers, and shared profound guidance on the true purpose of education.

‹ News 2025