H.E. Ling Rinpoche Celebrates H.H. the Dalai Lama’s 89th Birthday with Local Dignitaries, Himalayans, Tibetans and Devotees from Around the World – Ling Rinpoche

Latest News

July 7, 2024

Jul
07

༸གོང་ས་༸ སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཕ་རན་སའི་ལྷོ་ཕྱོགས་ཏུ་ལུ་སའི་ས་གནས་ན་ལེནྜ་དགོན་པའི་ནང་དུ་བསྲུང་བརྩི་ཞུ་སྐབས་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་ས་གནས་རྫོང་དཔོན་དང་། དབུས་གཞུང་གི་སྤྱི་འཐུས། ས་གནས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་བཅས་དང་། ན་ལེན་ཌ་དགོན་པའི་མཁན་རིན་པོ་ཆེ་དང་། དཔེ་ཁྲིད་དགེ་བཤེས་ལགས། ཝ་ཇར་ཡོ་གི་ནི་ཆོས་ཚོགས་ཀྱི་ཕྱག་དཔེའི་དགེ་རྒན་དང་རྡོ་རྗེ་ཕག་མོ་བཙུན་དགོན་གྱི་མཁན་རིན་པོ་ཆེ། བླ་མ་འོད་གསལ་རིན་པོ་ཆེ། དགེ་འདུན་པ་དང་བཙུན་མ་རྣམ་པ། བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དད་ལྡན་དང་། ས་གནས་ཀྱི་མི་མང་། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མི་མང་རྣམ་པས་དགའ་དད་སྤྲོ་གསུམ་གྱི་ངང་ནས་སྐུའི་འཁྲུངས་སྐར་མཛད་སྒོ་གཟབ་རྒྱས་ཞུ་སྐབས་ཀྱི་བརྙན་པར། །

On 7th July, H.E. Ling Rinpoche led a gathering at Nalanda Monastery with the City Mayor & Deputy, local VIPs, representatives and devotees from Nalanda Monastery-FPMT, Institut Vajrayogini-FPMT, the Himalayan and Tibetan community of Toulouse, and people from many other European countries, who joined in a joyful celebration of His Holiness the Dalai Lama’s 89th birthday.

July 4, 2024

Jul
04

On 6th July, H.E. Ling Rinpoche wishes His Holiness the Great 14th Dalai Lama of Tibet a wonderful and very happy 89th birthday! Wishing for His Holiness stable health and a very long life, exactly as His Holiness wishes and may all of his holy aspirations be realized quickly and easily.

July 3, 2024

Jul
03

\࿑ ཕྱི་ལོ་༢༠༢༤ཟླ་བ་༧ ཚེས་༣ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕ་རན་སི་ལྷོ་ཕྱོགས་ཏུ་ལུ་སི་(Toulouse Airport in France)གནམ་ཐང་དུ་ཆིབས་བསྒྱུར་སྐབས་ན་ལེནྡྲ་དགོན་པ་དང་། རྣལ་འབྱོར་མའི་ཆོས་ཚོགས། རྡོ་རྗེ་ཕག་མོའི་ཆོས་ཚོགས་བཅས་ཀྱི་དགེ་བཤེས་ལགས་རྣམ་པ་དང་དགེ་འདུན་པ་བཙུན་མ་རྣམ་པ། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དད་ལྡན་རྣམས་དང་། བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་མི་མང་བཅས་ཀྱི་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུ་སྐབས་ཀྱི་བརྙན་པར། །

On 3rd July, H.E. Ling Rinpoche began his Europe Tour and was welcomed at Toulouse airport in France, by the Geshes, Center Directors and Representatives of the Institute of Vajrayogini, Nalanda Monastery, Dorje Palmo Nunnery and the local Tibetan and Himalayan Region community. Rinpoche later arrived to a very warm welcome at Nalanda Monastery by the monastic and lay communities.