H.E. Ling Rinpoche Warmly Welcomed and Gives Talk to Swiss Tehor Community – Ling Rinpoche

Latest News

April 9, 2023

Apr
09

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༤ ཚེས། ༩ རེས་གཟའ་ཉི་མའི་ཉིན། སུད་སི་ཏྲེ་ཧོར་སྐྱིད་སྡུག་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་སུད་ཛ་ལཎྜི་གྲོང་ཁྱེར་BERN དུ་ཏྲེ་ཧོར་མི་དམངས་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་བཅས་ཀྱི་བརྙན་ཐུང་།

On 9th April, H.E. Ling Rinpoche was warmly welcomed by and gave a talk to the Swiss Tehor Community in Bern, Switzerland.

April 8, 2023

Apr
08

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༤ ཚེས། ༦ ནས་ཚེས་༩ བར་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་སུད་སི་FPMT ཆོས་ཚོགས་ཁག་གསུམ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་སུད་ཛ་ལཎྜི་གྲོང་ཁྱེར་Bern དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་ཆེ་སྩོལ་དང་། དེ་བཞིན་ཛུ་རིག་གྲོང་ཁྱེར་ནང་གི་རིག་པ་ཆོས་ཚོགས་སུ་གདན་ཞུས་ཀྱི་བཀའ་སློབ་དང་། Bern ས་ཁུལ་གྱི་བོད་རིགས་མི་དམངས་རྣམས་ལ་བཀའ་སློབ་སྩལ་སྐབས་བཅས་ཀྱི་སྐུ་པར།

On 8th and 9th April, H.E. Ling Rinpoche gave two days of teachings and conferred the Oral Transmission of the 37 Practices of a Bodhisattva and bestowed the 4-Armed Avalokitesvara initiation in Bern, Switzerland, at the joint invitation and collaboration of three local FPMT Centers – Gendun Drupa, Longku and Lhagsam Meditation Centers. Rinpoche also visited the Rigpa Center in Zurich. The events went very smoothly and successfully.

March 30, 2023

Mar
30

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༣ཚེས། ༣༠ ནས་ཕྱི་ཟླ། ༤ ཚེས། ༢ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་སུད་སི་དང་ལིག་ཏེན་སིཊ་ཡན་་བོད་རིགས་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་སུད་སི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཕེབས་སུར་སུདསི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས། རི་ཀོན་དགོན་པའི་མཁན་རིན་པོ་ཆེས་དབུས་ས་གནས་ཆོས་ཚོགས་ཁག་གི་འགན་འཛིན། ས་གནས་ཚོགས་སྐྱིད་ཁག་ནས་ཕེབས་སུ་དང། དེ་རྗེས་སུད་སི་རི་ཀོན་དགོན་དུ་གནས་གཟིགས་དང་། བཀའ་སློབ་ཆེ་སྩོལ། སུ་ཛ་ལནྜི་གྲོང་ཁྱེར་ཛུ་རིག་ Stadthalle Dietikon, Zuerich ཚོགས་ཁང་ཆེན་མོའི་ནང་སུད་སི་དང་ལིག་ཏེན་སིཊ་ཡན་་བོད་རིགས་མི་མང་གཙོ་གྱུར་ཀྱི་དད་ལྡན་མང་ཚོགས་རྣམས་ལ་སྔ་དྲོ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་ཆེ་སྩོལ་དང་། ཉིན་རྒྱབ་སྨན་བླའི་བཀའ་དབང་དང་། འཇུག་ཏུ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་ཆེ་སྩོལ་དང་། དེ་རྗེས་ན་གཞོན་རྣམས་ལ་བཀའ་སློབ་དང་བཀའ་འདྲི་ཞུ་མཁན་རྣམས་ལ་བཀའ་ལན་སྩལ་སྐབས་བཅས་ཀྱི་སྐུ་པར།

On 30th March, H.E. Ling Rinpoche commenced his European Tour and was warmly welcomed to Zurich airport by the Tibetan Community of Switzerland & Liechtenstein, the Abbots of Rikon Monastery, the Representative of His Holiness the Dalai Lama in Geneva, and representatives of the organizing Dharma Centers – Gendun Drupa FPMT, Longku FPMT, Lhagsam FPMT and Rigpa Zurich.

On 1st April, Rinpoche began 2 days of Dharma activities for the Tibetan community, where he conferred the White Tara Long Life and Medicine Buddha initiations, had a dialogue with Tibetan youth, visited Rikon Monastery, and participated in other activities in Zurich.