H.E. Ling Rinpoche Presides Over Significant Event as Delegate of India in Mongolia – Ling Rinpoche

Latest News

October 7, 2022

Oct
07

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༡༠ ཚེས། ༧ ཉིན་ སོག་ཡུལ་རྒྱལ་ས་ཨུ་ལམ་བྷ་དྷུར་ནང་རྟེན་གཞི་བྱས་པའི་ ལོ་རྒྱུས་རང་བཞིན་ལྡན་པའི་དགའ་ལྡན་དགོན་པའི་ནང་རྒྱ་གར་གཞུང་ཚབ་ཁང་དང་། དགའ་ལྡན་དགོན་པའི་གོ་སྒྲིག་འོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། སོག་པོ་མཁན་པོ་བླ་མ་ཆོས་རྒྱ་མཚོ་རྣམ་གཉིས་་ཀྱི་དབུ་མཛད་པའི་རྒྱ་གར་དང་སོག་པོའི་གནད་ཡོད་མི་སྣས་གཙོས་་རྒྱ་གར་དབུས་རིགས་གཞུང་ལྷན་ཁང་གི་འཛིན་སྐྱོང་གནང་བའི་ལྡི་ལི་ཨན་དྷར་གྷན་དྷི་རྒྱལ་ཡོངས་སྒྱུ་སྩལ་མཐོ་སློབ་དང་སོག་ཡུལ་མཐོ་རིམ་སློབ་གྲྭ་ཁག་བཞི་ལྷན་དུ་གྲོས་མཐུན་ཡིག་ཆར་ཕན་ཚུལ་མཚན་རྟགས་འགོད་སྐབས་ཀྱི་་སྐུ་པར།།

On 7th October, H.E. Ling Rinpoche and Khamba Nomun Khan Gabju Choijamts, the Head of Mongolian Buddhism, presided over a significant event with H.E. Ling Rinpoche as a delegate for India yesterday, consolidating the close cultural bond between India and Mongolia. At a function organized by the Indian Embassy and Gandan Monastery, four MOUs were signed between IGNCA, New Delhi and Mongolian institutions for cooperation. The event was followed by a celebratory dinner hosted by the Indian Embassy in Mongolia.

September 30, 2022

Sep
30

ཕྱི་ལོ། ༢༠༢༢ ཟླ་བ། ༩ ཚེས། ༣༠ ནས་ཉིན་གྲངས་གསུམ་རིང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སིང་གྷ་པོར་མཧཱ་ཏཱ་རའི་ཆོས་ཚོགས་སུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་དང་། དབུལ་ཞིང་ཕོངས་པ་སེལ་བའི་ནོར་ལྷའི་རྒྱལ་པོ་ཨརྱ་ཛམ་བྷ་ལྷ་དང་། སྙིགས་མའི་དུས་འདིར་སེམས་ཅན་ནད་དང་སྔུག་བསྔལ་ལས་སྐྱོབ་པར་མཛད་པའི་ཐུགས་རྗེའི་སྨོན་ལམ་གྱི་སྟོབས་དང་ལྡན་པ་བཅོམ་ལྡན་འདས་བདེ་བར་གཤེགས་པ་སྨན་གྱི་བླ་མཆེད་བདུན། དེ་བཞིན་ཚེའི་ལྷ་མཆོག་ཁྱད་པར་ཅན་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བཅས་བཀའ་དྲིན་ཆེ་སྩོལ་སྐབས་ཀྱི་སྐུ་པར།

On September 30th, H.E. Ling Rinpoche commenced the 3-day teaching event in Singapore organized by Maha Tare Buddhist Centre. During the first 2 days, Rinpoche bestowed the Dzambhala initiation, Medicine Buddha initiation and taught on the Three Principal Paths to Enlightenment.

September 28, 2022

Sep
28

ཕྱི་ལོ། ༢༠༢༢ ཟླ་བ། ༩ ཚེས། ༢༨ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིང་གྷ་པོར་འོད་དཔག་མེད་ཆོས་ཚོགས་སུ་ཆིབས་བསྒྱུར་གྱིས་ལྗགས་ལུང་དང། བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།

On 28th September, H.E. Ling Rinpoche visited FPMT’s Amitabha Buddhist Centre, where he gave a talk and bestowed the Oral Transmission of The Praises to 21 Taras.