H.E. Ling Rinpoche Visits and Gives Talks at Several Monasteries in Tinchuli and Naya Pati in Nepal – Ling Rinpoche

Latest News

March 2, 2024

Mar
02

༈ ཕྱི་ལོ། ༢༠༢༤ཟླ་བ། ༣ ཚེས། ༢ཉིན། ཤེལ་དཀར་ཆོས་སྡེའི་གྲྭ་ཚང་དུ་སློབ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་གསོལ་སྩལ་གྱི་མཛད་སྒོར་ཆིབས་བསྒྱུར་གྱིས་བཀའ་སློབ། སྤོ་རོང་དགོན་པར་ཆིབས་བསྒྱུར་གྱིས་བཀའ་ཆོས་དང་བཀའ་སློབ། བལ་ཡུལ་ཆུ་བར་འགྲོ་ཕན་གླིང་དུ་ཆིབས་བསྒྱུར་གྱིས་བཀའ་ཆོས་དང་བཀའ་སློབ། དགེ་བཤེས་བསོད་ནམས་དབང་ཆེན་གྱིས་ཆེད་འཛུགས་གནང་བའི་”རེ་བ་དང་གདོང་ལེན་ཚོགས་པར་”ཆིབས་བསྒྱུར་གྱིས་རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་ད་ཕྲུག་བུ་གསོ་ཁང་། གཟི་སྨན་མྱོས་རྫས་རིགས་མཚམས་གཅོད་ཁང་། རྒས་གསོ་ཁང་སོགས་ལ་ཆིབས་བསྒྱུར་གྱིས་བཀའ་སློབ་དང་ས་གཞི་བྱིན་རླབས་བཅས་གནང། དེ་བཞིན་འབྲས་སྤུངས་བློ་གསལ་གླིང་བཟོ་གྲྭར་ས་གཞི་བྱིན་རླབས་དང་རབ་གནས་གནང་སྐབས་བཅས་ཀྱི་སྐུ་པར། །

On 2nd March, H.E. Ling Rinpoche visited Tinchuli and Naya Pati in Nepal, where he visited and gave talks at Rongshar Chuwa Drophen Ling Monastery, Shekhar Chode Monastery and Porang Monastery, visited the Hope and Challenge Orphanage and Elderly Home, gave advice at a Drug Rehabilitation Center, blessed the land for a new school and blessed the land for a new hotel at Loseling Monastery.

March 1, 2024

Mar
01

༈ ཕྱི་ལོ། ༢༠༢༤ཟླ་བ། ༣ ཚེས། ༡ ཉིན། ཡང་ལེ་ཤོད་དུ་བཞུགས་པའི་འཛམ་གླིང་གནས་མཆོག་ཉེར་བཞིའི་ནང་ཚན་རྡོ་རྗེ་རྣལ་འབྱོར་མའི་གནས་དང་། སྒྲོལ་མ་རང་བྱོན་སོགས་ལ་གནས་གཟིགས་དང་། གྲུབ་ཐོབ་དགོན་པའི་སློབ་གྲྭར་ཆིབས་བསྒྱུར་གྱིས་བཀའ་སློབ། བླ་མ་དགའ་འོང་བཀྲ་ཤིས་རབ་བརྟན་དགོན་སོགས་ལ་ཆིབས་བསྒྱུར་སྐབས་ཀྱི་བརྙན་པར། །

On 1st March 2024 H.E. Ling Rinpoche visited and gave talks at Lama Goan Tashi Rapten Monastery and Drupto Monastery School, and paid respects to the self-emanating Tara statue and other holy pilgrimage sites in Pharping, Nepal.

February 27, 2024

Feb
27

On 27 -29th February, H.E. Ling Rinpoche gave three days of teachings and the long life initiation of Buddha Amitayus for the monks, nuns and general public at Samten Ling Monastery in Kathmandu, organized by the Nepal Gelug Monlam Committee.