Yongzin Lingtsang Labrang Extends Heartfelt Gratitude for H.E. Ling Rinpoche’s Birthday Wishes from Around the World – Ling Rinpoche

Latest News

November 18, 2026

Nov
18

༈ དེ་རིང་སྟེ་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་དཔལ་བཟང་པོ་མཆོག་དགུང་གྲངས་ཞེ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་འདིར། གདན་ས་གྲྭ་ཚང་ཁག། ཚོགས་སྡེ་ཁག། ཆོས་ཚོགས་ཁག་དང་། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་རྣམས་དང་། འབྲེལ་ཡོད་ལྷག་བསམ་ཅན་ཡོངས་ནས་བརྒྱུད་ལམ་འདྲ་མིན་ཐོག་ནས་དགའ་དད་སྤྲོ་གསུམ་གྱི་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་། སྐུའི་འཁྲུངས་སྐར་བསྲུང་རྩིའི་སླད་ཞབས་བརྟན་གསོལ་འདེབས་སོགས་རྣམ་དཀར་དགེ་ཚོགས་རྒྱ་ཆེར་བསྒྲུབས་དང་སྒྲུབ་བཞིན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། །

ཡོངས་འཛིན་གླིང་ཚང་བླ་བྲང་ནས། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༨ ཉིན།

A Heartfelt Message of Gratitude to Everyone Around the World

On the auspicious occasion of the birthday of His Eminence Kyabjé Yongzin Ling Rinpoche, we extend our heartfelt gratitude to everyone around the world for your warm birthday wishes, sincere prayers, blessings, and thoughtful messages.

We are deeply touched by the remarkable outpouring of love, devotion, and goodwill from disciples, students, friends, and well-wishers across the globe. Your kind words and heartfelt prayers have made this special occasion all the more meaningful and memorable.

On behalf of Yongzin Lingtsang Labrang members, we wish to convey our sincere appreciation to each and every one of you. May the kindness, devotion, and positive aspirations you have shared bring abundant happiness, good health, peace, and prosperity to you and your loved ones.

With profound gratitude and prayers,

Yongzin Lingtsang Labrang

November 15, 2026

Nov
15

࿑ ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༦ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁང་ཚན་དུ་ཆིབས་བསྒྱུར་བསྐྱངས་སྐབས། རང་ཁོངས་ཁང་ཚན་གྱི་རྒྱལ་སྲས་བླ་སྤྲུལ་རྣམ་པ་དང་། ཁང་ཚན་སྤྱི་རྒན། སྦག་ས་ནས་ཕེབས་པའི་གནས་བརྟན་སྐུ་བགྲེས་ཁང་ཚན་རྒན། འདུས་མང་བཅས་ནས་སེར་སྦྲེང་གིས་མདུན་བསུས་ཏེ། གཙུག་ལག་ཁང་དུ་གནས་གཟིགས་དང་བཞུགས་ཁྲིར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་གསོལ་ཇ་བཞེས་འབྲས་འབུལ་ལམ་དང་འབྲེལ་གནས་བཅུ་དང་། ༸རྒྱལ་བའི་ཞབས་བརྟན། མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཅས་གསུང་འདོན་མཛད་ཅིང་། མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འདུས་མང་ལ་བཀའ་སློབ་སྩལ་བ་དང་། ཁང་ཚན་ནས་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོ་སྔ་ནུར་གྱིས་སྲུང་བརྩི་གཟབ་རྒྱས་ཞུས་ཏེ་མངར་བཟས་ (Cake) འབུལ་ལམ་ཞུ་སྐབས་ཀྱི་སྐུ་པར། །

His Eminence Kyabjé Yongzin Ling Rinpoche visited Phugang Khamtsen at Drepung Loseling Monastery, where the monks warmly welcomed His Eminence.

During the visit, His Eminence offered valuable advice and guidance to the monks, sharing words of wisdom and encouragement for their spiritual practice and monastic life.

The occasion was made even more special as the monks celebrated His Eminence’s birthday in advance, which falls on 18 November. It was a joyful and heartfelt gathering, filled with warmth, respect and auspicious wishes.

November 14, 2026

Nov
14

࿑ ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན་རང་ཁོངས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་ཕེབས་སྐབས་སུ་སྒྲོན་པའི་སྐུ་པར། །

His Eminence Kyabjé Yongzin Ling Choktrul Rinpoche received the Abbot of Drepung Loseling Monastery for an audience at Yongzin Lingtsang Labrang.

See less