H.E. Ling Rinpoche’s Precious Teacher Geshe Thubten Rapgay Receives Congratulations from His Holiness the Dalai Lama – Ling Rinpoche

Latest News

January 4, 2024

Jan
04

࿑ ཕྱི་ལོ།༢༠༢༤ ཟླ་བ། ༡ ཚེས། ༥ཉིན། གནས་མཆོག་རྡོ་རྗེ་གདན་དུ་

༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུའི་ཡོངས་འཛིན་འབྲས་བློ་གླིང་དཔེ་ཐུབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་མཆོག་གསང་ཆེན་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་མཚན་བཞེས་ཀྱིས་གསར་མཇལ་ཞུ་སྐབས་ཐུགས་དགྱེས་ཚོར་ཆེན་པོས་གཟིམ་ཆུང་མཇལ་ཁ་བཀའ་དྲིན་སྩལ་སྐབས་ཀྱི་སྐུ་པར། །

On 4th January, H.E. Ling Rinpoche’s precious teacher Geshe Thubten Rapgay had an audience with His Holiness the Dalai Lama in Bodh Gaya. His Holiness expressed congratulations to Gen la on his recent appointment as Lama Umze and Junior Abbott of Gyumed Tantric Monastic College.

January 1, 2024

Jan
01

On 1st January, H.E. Ling Rinpoche received a visit from the reincarnation of Kyabjé Bakula Rinpoche at Gaden Phelgyal Ling Monastery, Bodh Gaya, Bihar.

January 1, 2024

Jan
01

࿑ ཕྱི་ལོ་༢༠༢༤ཟླ་བ་༡ཚེས་༡ ཕྱི་ལོ་གསར་ཚེས་ཉིན། གནས་མཆོག་རྡོ་རྗེ་གདན་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འཁོན་རིགས་བསྟན་པའི་སྲོག་ཤིང་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་སྐབས་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མཇལ་དར་དང་། སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་སྐུ་བརྙན་བྱིན་ཅན་གསོལ་བསྩལ་གྱིས་ཐུགས་དགྱེས་ཚོར་ཆེན་པོས་དུས་ཡུན་ཕྱག་ཚོད་གཅིག་དང་ཕྱེད་ཀ་ལྷག་རིང་མདོ་སྔགས་ཆོས་ཚུལ་སྤྱིའི་ཐད་ཟབ་ཁྱད་ཀྱི་བཀའ་སློབ་དང་བཀའ་སྡུར་ལྷུག་པོར་གནང་སྐབས་ཀྱི་སྐུ་པར།།

On 1st January, on the occasion of the start of the New Year, H.E. Ling Rinpoche enjoyed an audience with Kyabgon Gongma Trichen Rinpoche in Bodh Gaya. Kyabgon Gongma Trichen Rinpoche kindly offered H.E. Ling Rinpoche valuable advice, and they had a wonderful exchange and shared dharma wisdom. Kyabgon Gongma Trichen Rinpoche offered a precious statue to H.E. Ling Rinpoche.