H.E. Ling Rinpoche Invited by French Parliamentary Senate, Discussing Key Tibetan Matters – Ling Rinpoche

Latest News

May 30, 2023

May
30

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༣༠ ཉིན། ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཧྥ་རན་སིའི་གྲོས་ཚོགས་གོང་མར་ཆིབས་བསྒྱུར་བསྐྱངས་ཏེ་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོགས་གཙོ་ལྕམ་(Senator Jacqueline Eustache-Brinio)མཆོག་གི་གཙོས་ཕྱག་རོགས་གྲོས་ཚོགས་འཐུས་མི་གཞན་རྣམས་དང་མཇལ་འཕྲད་ཀྱིས་ཧྥ་རན་སི་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེར་གནང་བཞིན་པར་་ཐུགས་རྗེ་ཆེ་ཞུས་ཅིང་། ད་དུང་མུ་མཐུད་གནང་བར་ཞེན་བསྐུལ་མཛད། ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་ཡིན་པ་མཁྱེན་གསལ་ལྟར་ཇི་སྲིད་བོད་དང་རྒྱ་ནག་གི་བར་གྱི་ཆབ་སྲིད་ཀྱི་དཀའ་རྙོག་དེ་ཞི་བའི་སྒོ་ནས་མ་སེལ་བར་དེ་སྲིད་དུ་ཧྥ་རན་སི་གཙོས་ཡུ་རོབ་རྒྱལ་ཁབ་གཞན་རྣམས་ཀྱིས་བོད་དོན་ཐོག་གང་ཅི་ཐད་ནས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་འབོད་སྐུལ་ཞུས་ཅིང་ཁོང་རྣམ་པའི་ངོས་ནས་ཀྱང་བོད་ཀྱི་གནད་དོན་ནི་འཛམ་གླིང་གི་སྤྱིའི་ཁོར་ཡུག་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་ངོས་འཛིན་ཐོབ་པས་མ་འོངས་པར་ཁོར་ཡུག་གི་བྱ་བཞག་ནང་བོད་དོན་ཐོག་དམིགས་བསལ་ལས་གཞི་གོ་སྒྲིག་བྱ་རྒྱུ་ཡིན་ཞེས་ཞལ་བཞེས་མཛད། ༸སྐྱབས་རྗེམཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་དོན་ཆེད་་བདེན་པའི་རྒྱབ་ལངས་སྔར་ལས་ལྷག་པ་གནང་སྐྱོང་བའི་འབོད་བསྐུལ་ཞུ་གནང་མཛད་སྐབས་་ཀྱི་སྐུ་པར།།

On 30th May, H.E. Ling Rinpoche was invited to visit the French Parliamentary Senate where he met with Senators from the French Tibet Support Group, Senator Jacqueline Eustache-Brinio (President), Senator Josephe Elsa and Senator Jacquemet Annick. Rinpoche was accompanied by Thupten Gyatso (Tibetan Parliamentarian). Rinpoche discussed many important Tibetan issues with the group.

May 27, 2023

May
27

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༢༥ ནས་ཚེས་༢༨བར་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཕ་རན་སི་རྒྱལ་ས་པི་རི་སའི་ཉེ་འགྲམ་སུ་ཆགས་པའི་དྭགས་ཤངས་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཝ་་ཇ་དྷ་ར་གླིང་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བའི་བཀའ་ཆོས་་སྩལ་སྐབས་ཀྱི་སྐུ་པར།།

On 27-28th May, H.E. Ling Rinpoche taught the Bodhisattva’s Jewel Garland by Atisha Dipamkara at Dachang Vajradhara Ling in Normandy, France.

May 25, 2023

May
25

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༢༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕ་རན་སིར་ཆིབས་བསྒྱུར་སྐབས་ཕ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་། ཡུ་རོབ་བོད་མི་དམངས་སྤྱི་འཐུས་མཆོག། ཕ་རན་སི་བོད་རིགས་ཚོགས་གཙོ། ཕ་རན་སི་བོད་ཀྱི་འབྲེལ་འཐུད་པ། དེ་བཞིན་ཆོས་ཚོགས་ཁག་གི་འགན་འཛིན་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུ་སྐབས་ཀྱི་སྐུ་པར།

On 25th May, H.E. Ling Rinpoche arrived in Paris, France and was warmly welcomed by the Representative of the Office of Tibet in Brussels, the Assembly Member for Europe for the Tibetan Parliament (CTA), the CTA Liaison Officer for France, the President of the Tibetan community in France, and representatives of the hosting Dharma centers.