H.E. Ling Rinpoche Celebrates First Day of Tibetan and Lunar New Year with Offerings and Prayers – Ling Rinpoche

Latest News

February 10, 2024

Feb
10

࿑ བོད་ཤིང་འབྲུག་ལོའི་དགུང་གསར་དུས་སྟོན་ཉིན་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་འདུན་ཤུགས་དྲགས་དང་འབྲེལ་སྣང་གསལ་མར་མེ་ཞལ་དབྱེ་མཛད་ཅིང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཞལ་སྔ་ནས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཇལ་དར་བཅས་ཕུལ་ཏེ་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་བསམ་ལྷུན་གྱི་འགྲུབ་པ། ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་རང་བྱུང་གནོད་འཚེ་དང་། ནད་མུག་དམག་འཁྲུག་སོགས་སྙིགས་མའི་རྒུད་ཚོགས་ཅི་མཆིས་རང་སར་ཞི་ནས་འཛམ་གླིང་ཞི་བདེར་གནས་པ་དང་འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པ་སོགས་ཀྱི་སྨོན་ཚིག་གསུང་སྐབས་ཀྱི་སྐུ་པར།

H.E. Ling Rinpoche started his first day of the Tibetan and Lunar New Year with offerings to the Three Jewels, offering khatas to Lord Shakyamuni Buddha and all the Buddhas and Bodhisattvas and to His Holiness Dalai Lama, and making prayers for world peace and the long life and perfect health of H.H Dalai Lama. Rinpoche is praying for the happiness and benefit of all sentient beings everywhere, for all their virtuous activities to be successful, and for the holy Buddha Dharma to flourish in this world. Losar Tashi Delek!

Video from the event

February 10, 2024

Feb
10

On 10th February, H.E. Ling Rinpoche sends his warmest greetings and blessings to all on Tibetan New Year and Lunar New Year, which fall on the same day this year. He wishes for this new year to bring much joy, peace…

January 29, 2024

Jan
29

༄༅། །༸སྐྱབས་རྗེ་རྡོ་བུམ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་མ་ཐག་ཧ་ཅང་བློ་ཕམ་གྱི་གནས་སུ་གྱུར། དམ་པ་ཁོང་ནི་༸སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་མདོ་སྔགས་ཆོས་ཚུལ་དུ་མ་གསན་བཞེས་དང་། རིན་པོ་ཆེ་མཆོག་བོད་དུ་བཞུགས་སྐབས་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་དུ་གཞུང་ཆེན་ཁག་ལ་གསན་བསམ་མཛད་ཅིང་། བཙན་བྱོལ་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྐུ་སྒེར་ཡིག་ཚང་དང་། ལྡི་ལི་བོད་ཁང་གི་འགན་འཛིན་བཅས་ཀྱི་ཕྱག་ལས་སོགས་ལོ་མང་རིང་གནང་། ངོས་ཀྱང་རིན་པོ་ཆེ་དང་ཆུང་ངུའི་དུས་ནས་བཟུང་ད་བར་ཞལ་མཇལ་དང་ཕན་ཚུལ་ནང་མཆེད་བཀའ་མོལ་ཡང་ཡང་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་བཅས། མཐའ་དོན། དམ་པ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་ཤུགས་དྲག་དང་བཅས། ཡོངས་འཛིན་གླིང་སྐྱེ་མིང་པས་ཕྱི་ལོ། ༢༠༢༤ ཟླ་བ། ༡ ཚེས། ༢༩ ཉིན། །

I was very sad to receive news of passing of Kyabjé Doboom Rinpoche this morning. I offer my deepest condolences to all those who were close to Rinpoche. I am praying for Rinpoche’s swift return for the benefit of all living beings and for all of Rinpoche’s wishes to be perfectly fulfilled. – Ling Rinpoche, 29 January 2024