H.E. Ling Rinpoche Arrives to Very Warm Reception at Singapore Airport by Representatives from Various Buddhist Centers – Ling Rinpoche

Latest News

June 25, 2023

Jun
25

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༦ ཚེས། ༢༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིང་གྷ་པོར་ཞབས་སོར་འཁོད་སྐབས་རྒྱལ་སྤྱིའི་གནམ་ཐང་དུ་དགའ་ལྡན་ཤར་རྩེ་འགྲོ་ཕན་གླིང་དང་། FPMT འོད་དཔག་མེད་ཀྱི་ཆོས་ཚོགས། སེར་བྱེས་ཆོས་ཚོགས། མཧཱ་ཏ་རའི་ཆོས་ཚོགས། སིང་གྷ་པོར་བོད་ཀྱི་ནང་པའི་ཆོས་ཚོགས་སོགས་གཙོ་གྱུར་གྱི་ས་གནས་སུ་ཡོད་པའི་དགེ་འདུན་པ་དང་དད་ལྡན་སློབ་ཚོགས་རྣམས་ཀྱི་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུ་སྐབས་ཀྱི་སྐུ་པར།།

On 25th June, H.E. Ling Rinpoche was received by a very warm reception of reverence and radiant smiles at Singapore Changi Airport. Representatives from Gaden Shartse Dro-Phen Ling, Amitabha Buddhist Centre, Tibetan Buddhist Centre, Sera Jey Buddhist Centre and Maha Tare Buddhist Centre, as well as many students and devotees extended a most joyful welcome to Rinpoche. This is H.E Ling Rinpoche’s 4th visit to Singapore, with the 2 weeks of Dharma activities hosted by Gaden Shartse Dro-Phen Ling.

Watch the video of Rinpoche’s arrival

June 24, 2023

Jun
24

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༦ ཚེས། ༢༤ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། སྐུ་སྒེར་དྲུང་ཟུར་ཏྲེ་ཧོར་རྡོ་བུམ་རིན་པོ་ཆེ་རྣམ་གཉིས་ལྷན་དུ་སྒྲོན་པའི་སྐུ་པར། །

On 24th June, H.E. Ling Rinpoche met with Doboom Rinpoche in Delhi.

June 20, 2023

Jun
20

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༦ ཚེས། ༢༡ ཉིན། རང་ཅག་རྣམས་ཀྱི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇིག་རྟེན་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་དྷ་ས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མཇལ་ཁ་དང་བསྟན་པ་སྤྱི་དང་མ་འོངས་པ་བོད་གངས་ཅན་པའི་འགྲོ་བའི་དོན་ལ་ཧུར་བསྐྱེད་དགོས་པའི
བླང་དོར་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་དང་། དེ་བཞིན་ཐུགས་སྨོན་བདེན་ཚིག་དང་འབྲེལ་ཐུགས་དགྱེས་ཚོར་ཆེན་པོས་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་རིན་པོ་ཆེ་གསོལ་སྩལ་སྐབས་ཀྱི་སྐུ་པར།།

On 20th June, H.E. Ling Rinpoche had an audience with and received valuable advice from His Holiness the Dalai Lama at His Holiness’ residence in Dharamsala. His Holiness offered Rinpoche a statue of Lord Shakyamuni Buddha, with many prayers for dear Rinpoche.