2025 News – Ling Rinpoche

2025 News

2025 News

June 12, 2025

H.E. Ling Rinpoche Gives Inspiring Talk to Youth from Various Schools Across Zanskar

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༡༢ ཟངས་དཀར་ས་གནས་གཞོན་ནུ་ཚོགས་པས་གོ་སྒྲིག་འོག་གྲུ་འཛིན་ཕོ་བྲང་སློབ་གྲྭའི་ཚོགས་ཁང་ནང་༸སྐྱབས་རྗེཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་སུ་ཆིབས་བསྒྱུར་གྱིས་གྲུ་འཛིན་ཕོ་བྲང་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམ་པ། ལམ་སྒྲོན་དཔེ་གསར་སློབ་གྲྭ། མར་པ་གླིང་ལམ་སྒྲོན་སློབ་གྲྭ། དཀར་ཆ་མཐོ་སློབ། སེ་པེ་ཊི་སློབ་གྲྭ། ཕྱེ་འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག། པ་ཏུམ་འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག་སོགས་ལ་མེས་པོའི་རིགས་གཞུང་ཟབ་མོ་རྨང་གཞིར་ཡོད་པའི་ཐོག་ནས་དེང་དུས་ཀྱི་ཤེས་ཡོན་ལ་སྦྱངས་བརྩོན་ཧུར་ཐག་གནང་ཏེ་འདབ་གཤོག་གཉིས་ལྡན་གྱི་ལྷག་བསམ་ལྡན་པའི་སློབ་མ་བཟང་པོ་ཞིག་བྱེད་དགོས་པའི་སྐོར་ལ་བཀའ་སློབ་དང་། འཇུག་ཏུ་བཀའ་འདྲི་ཞུ་མཁན་ལ་བཀའ་ལན་སྩལ་སྐབས། ། H.E. Ling Rinpoche gave an inspiring talk to students from various schools across Zanskar … Read more

June 11, 2025

H.E. Ling Rinpoche Presides Over Saka Dawa Celebrations and Gives Dharma Teachings in Padum, Zanskar

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༡༡ ས་ག་ཟླ་བའི་ཚེས་༡༥ ཉིན།ལ་དྭགས་ཟངས་དཀར་གྲུ་འཛིན་གཉིས་པའི་ཕོ་བྲང་དུ་དུས་དྲན་བསྲུང་བརྩི་ཞུ་སྐབས་༸སྐྱབས་རྗེཡོངས་འཛིན་་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སངས་རྒྱས་ཀྱི་མཛད་པ་རྣམ་ཐར་དང་རྗེས་སུ་མཐུན་པ་ཉམས་ལེན་བྱེད་དགོས་ཚུལ་དང་། འདི་ལོར་༸གོང་ས་༸མཆོག་དགུང་གྲངས་དགུ་བཅུར་ཕེབས་བཞིན་ཡོད་པས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་དུ་གཟུངས་སྔགས་ཡི་གེ་དྲུག་མ་དང་། སྒྲོལ་མའི་གཟུངས་སྔགས་གྲངས་གསོག་མཛད་དགོས་པའི་བཀའ་སློབ་སྩལ་ཅིང་། དེ་བཞིན་མཛད་སྒོ་ཐོག་ཟངས་དཀར་ཡུལ་གྱི་དབུས་ཀྱི་འཐུས་ཚོགས་ཀྱི་ཚོགས་གཙོ། ནང་པའི་ཚོགས་པའི་ཚོགས་གཙོ། དགོན་པའི་ཚོགས་པའི་ཚོགས་གཙོ། གཞོན་ནུའི་ཚོགས་གཙོ། ཆོས་བསྐུལ་ཚོགས་པ། ཨ་མའི་ཚོགས་པའི་ཚོགས་གཙོ་། དེ་བཞིན་ས་གནས་ཀྱི་དཔོན་རིགས་ཁག། གནད་ཡོད་མི་སྣ། དགོན་པ་ཁག་གི་མཁན་བླ་དགེ་འདུན་པ་རྣམ་པ། དགེ་ལས་སློབ་ཕྲུག་རྣམ་པ། དད་ལྡན་མི་དམངས་ལྷན་འཛོམས་ཀྱི་ས་ཟླའི་དུས་དྲན་བསྲུང་བརྩི་ཞུ་སྐབས་བཙུན་ཆུང་ཚོས་ཞལ་འདོན་དང་། དུས་དྲན་དང་འབྲེལ་བའི་བགྲོ་གླེང་གནང་། ན་གཞོན་སློབ་ཕྲུག་རྣམས་ནས་རིགས་གཞུང་གི་གཞས་སྣ་གཟིགས་འབུལ་ཞུ་སྐབས། ། H.E. Kyabjé Ling Rinpoche presided over … Read more

June 10, 2025

H.E. Ling Rinpoche Visits Stongdey Lakshey Ling Monastery and Several Villages, Offering Profound Dharma Talks and Mantra Transmissions

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༡༠ ཉིན་སྟོང་སྡེ་དགོན་དགེ་ལྡན་ལེགས་བཤད་གླིང་དགོན་པར་ཆིབས་བསྒྱུར་སྐབས་དགོན་པའི་མཁན་བླ་འདུས་མངས་ནས་ཕེབས་བསུས་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་གཟིགས་དང་། དགོན་པའི་མཁན་རིན་པོ་ཆེས་མཎྜལ་རྟེན་གསུང་འདེགས་འབུལ་ཞུས་ཅིང་། ༸སྐྱབས་རྗེཡོངས་འཛིན་་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འདུས་མངས་དང་དད་ལྡན་སྐྱ་སེར་རྣམས་ལ་བཀའ་སློབ་དང་བཀའ་ཆོས་སྩལ་ཅིང་། མར་པ་གླིང་ལམ་སྒྲོན་སློབ་ཕྲུག་རྣམས་ལ་ཕྱག་དབང་། ས་གནས་ཀྱི་གྲོང་སྡེ་ཀུན་མིང་། སྟོང་སྡེ་ཡུལ། པི་པི་སི་གུ་རུ་ལྷ་ཁང་བཅས་ལ་ཆིབས་བསྒྱུར་གྱི་བཀའ་སློབ་དང་བཀའ་ཆོས་སྩལ་སྐབས། ། H.E. Kyabjé Yongzin Ling Rinpoche visited Stongdey Lakshey Ling Monastery, Stongdey Village, Kuming Village, and … Read more

June 9, 2025

H.E. Ling Rinpoche Continues Journey From Padum Valley to Rangdum Monastery, Stopping at Nunneries and Several Villages Along the Way

࿑ ཕྱི་ཟླ། ༦ ཚེས། ༩ ཉིན་ཟངས་དཀར་རང་ལྡུམ་དགོན་པའི་ཕྱོགས་སུ་ཆིབས་བསྒྱུར་སྐབས་ཕེབས་ལམ་དུ་ཡུལ་གྲོང་དུང་རི་། རན་ད་ཤ། ཕེའི། ཀྱ་གུམ་ས་གནས་སུ་ཡོད་པའི་རྡོ་རྗེ་ཕག་མོའི་བཙུན་དགོན་ལ་ཆིབས་བསྒྱུར་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བའི་ལྗགས་ལུང་དང་། བླང་དོར་གྱི་བཀའ་སློབ་སྩལ། ཧ་མི་གླིང་། ཀུ་ཤུལ། རྟ་མཚོའི་འགྲམ་དུ་ལྷོད་བཞུགས་མཛད། ཨབ་རན། ཨཀ་ཤོ། རེ་མ་ལ། པན་ཙེ་ལ་བརྒལ་ནས་རང་ལྡུམ་དགོན་བཤད་སྒྲུབ་འཛམ་གླིང་དུ་ནང་རྟེན་ཁག་ལ་གནས་གཟིགས་དང་། དད་ལྡན་སེར་སྐྱ་རྣམས་ལ་བཀའ་སློབ་དང་གསུང་ཆོས་བཀའ་དྲིན་སྩལ། དེ་བཞིན་བཙུན་དགོན་མཎྜལ་ཤེས་རབ་པདྨ་ཆོས་གླིང་གི་འདུ་ཁང་གསར་པ་སྒོ་དབྱེ་དང་རབ་གནས་སྩལ། དེ་བཞིན་དད་ལྡན་སེར་སྐྱ་རྣམས་ལ་བཀའ་སློབ་དང་གསུང་ཆོས་བཀའ་དྲིན་སྩལ། དེ་ནས་ས་ནིའི་མཁར་དུ་གནས་གཟིགས་དང་། རྒྱལ་པོ་ཀ་ཎི་ཀའི་མཆོད་རྟེན་དང་། ན་རོ་པའི་འདྲ་སྐུ་དང་། སློབ་དཔོན་རིན་པོ་ཆེའི་སྐུ་འདྲར་རབ་གནས་དང་། མང་ཚོགས་ལ་བཀའ་སློབ་དང་གསུང་ཆོས་སྩལ་སྐབས། ། H.E. Kyabjé Ling Rinpoche continued … Read more

June 8, 2025

H.E. Ling Rinpoche Bestows Buddha Amitayus Long Life Initiation at Duzing Phodang Dadum

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༨ ཉིན། ཟངས་དཀར་གྲུ་འཛིན་༸རྒྱལ་བའི་ཕོ་བྲང་དུ་རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ་དབུ་བཞུགས་ཐོག་དགོན་པ་་ཁག་གི་མཁན་བླ་དགེ་འདུན་པ་བཙུན་མ་བཅས་དང་། ཟངས་དཀར་ཡུལ་གྱི་དབུས་ཀྱི་འཐུས་ཚོགས་ཀྱི་ཚོགས་གཙོ། ནང་པའི་ཚོགས་པའི་ཚོགས་གཙོ། དགོན་པའི་ཚོགས་པའི་ཚོགས་གཙོ། གཞོན་ནུའི་ཚོགས་གཙོ། ཆོས་བསྐུལ་ཚོགས་པ། ཨ་མའི་ཚོགས་པའི་ཚོགས་གཙོ་། དེ་བཞིན་ས་གནས་ཀྱི་དཔོན་རིགས་ཁག། གནད་ཡོད་མི་སྣ། དགོན་པ་ཁག་གི་མཁན་བླ་དགེ་འདུན་པ་རྣམ་པ། དགེ་ལས་སློབ་ཕྲུག་རྣམ་པ། དད་ལྡན་མི་དམངས་་ཁྲི་ཚོ་ལྷག་ལ་ཚེ་དཔག་མེད་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། འཇུག་ཏུ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་ཆེ་སྩོལ་སྐབས། ། H.E. Kyabjé Yongzin Ling Rinpoche, during his first … Read more

June 7, 2025

H.E. Ling Rinpoche Gives Dharma Teachings, Talks, Oral Transmissions and Blessings at Karsha and Tagrinmo Monasteries, a Nunnery and Several Villages in Padum Valley in Zanskar

ཕྱི་ཟླ། ༦ ཚེས། ༧ ཉིན་ཟངས་དཀར་ས་གནས་དཀར་ཆ་ཆོས་འཁོར་བྱམས་གླིང་དགོན་པར་ཆིབས་བསྒྱུར་སྐབས་རྒྱུད་སྟོད་མཁན་ཟུར་རིན་པོ་ཆེས་དབུས་དགོན་པའི་མཁན་རིན་པོ་ཆེ་དང་། དགེ་འདུན་པ་བཅས་ནས་ཕེབས་བསུ་སེར་སྦྲེང་གི་སྔོན་བསུས་ཏེ་འདུ་ཁང་དུ་གནས་གཟིགས་དང་། གནས་བཅུ་དང་འབྲེལ་བའི་མཎྜལ་རྟེན་གསུང་འདེགས་འབུལ་ཞུས། རྒྱུད་སྟོད་མཁན་ཟུར་རིན་པོ་ཆེས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་འཕྲིན་སྐོར་སྙན་སྒྲོན་དང་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས། དགོན་པའི་མཁན་བླ་འདུས་མང་ནས་གསོལ་འདེབས་ཞུ་དོན་ལྟར་དགའ་ལྡན་ལྷ་བརྒྱ་མའི་ལྗགས་ལུང་དང་བཀའ་སློབ་བཀའ་དྲིན་སྩལ། དེ་བཞིན་༸རྒྱལ་བའི་ཕོ་བྲང་གསར་བཞེངས་སར་གདན་ཞུས་ཀྱིས་རབ་གནས་དང་། གཟིགས་སྐོར་མཛད། བཙུན་དགོན་བཅུ་གཅིག་ཞལ་དུ་གནས་གཟིགས་དང་བཀའ་སློབ། སྟག་རི་དགོན་པར་ཆིབས་བསྒྱུར་སྐབས་དགོན་པའི་མཁན་རིན་པོ་ཆེ་དང་། དགེ་འདུན་པ་བཅས་ནས་ཕེབས་བསུས་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་གཟིགས་མཛད། དེ་བཞིན་དཀར་ཆ་དང་། པ་དུམ་ཡུལ་གྲོང་བཅས་ལ་བཀའ་སློབ་དང་། བཀའ་ཆོས་སྩལ་སྐབས།། H.E. Ling Rinpoche offered teachings on The Foundation of All Good Qualities at … Read more

June 3, 2025

H.E. Ling Rinpoche Continues Journey Through Singula to Padum, with Each Village Along Route Welcoming with Traditional Customs

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༥ ཚེས། ༤ ཉིན། ༸སྐྱབས་རྗེཡོངས་འཛིན་་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་སྐབས་ཟངས་དཀར་ཕྱོགས་ཀྱི་ཤིང་ཀུན་ལ་བརྒལ་ནས་མགོན་པོ་བླ་རི་ཞེས་གྲགས་པའི་མདུན་ཐང་དུ་ཐུགས་སྨོན་མཛད། དེར་ཟངས་དཀར་ས་གནས་ཡུལ་མི་ཁག་གི་འཐུས་མི་རྣམས་ནས་ཕེབས་བསུ་གོ་སྒྲིག་ཞུས་པར་སྐུ་ལྷོད་བཞུགས་མཛད། དེ་ནས་ཟངས་དཀར་ཡུལ་དང་པོ་དཀར་རྒྱག་དུ་ཆིབས་བསྒྱུར་གྱི་སི་ཀིང་དརྨ་ཚོགས་པར་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད། མགོན་པོ་བསྟོད་པ་མྱུར་མཛད་མ་དང་། གཟུངས་སྔགས་འགའ་ཞིག་གི་ལྗགས་ལུང་བཀའ་དྲིན་ཆེ་སྩལ། དེ་རྗེས་ཕུག་ཐར་དགོན་པའི་མཁན་རིན་པོ་ཆེ་དང་། དགེ་འདུན་པ་རྣམས་ཡུངས་དཀར་དང་། པུ་ནེའི་ཡུལ་མི་ནས་ཕེབས་བསུ་སེར་སྦྲེང་གི་སྔོན་བསུས་ཏེ་དབུ་གུར་ནང་གདན་ཞུས་ཀྱི་མཎྜལ་རྟེན་གསུང་འདེགས་འབུལ་དང་འབྲེལ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དང་། དམིགས་བརྩེ་མའི་ལྗགས་ལུང་། དཔལ་ལྡན་ལྷ་མོའི་བསྟོད་པ་སེམས་ཉིད་མའི་ལྗགས་ལུང་། དེ་བཞིན་དུས་རབས་དང་བསྟུན་པའི་སྒོ་ནས་ན་གཞོན་རྣམས་ལ་ཡ་རབས་བཟང་སྤྱོད་དང་། ནང་ཆོས་ཀྱི་གོ་རྟོགས་སྤེལ་དགོས་པའི་སྐོར་ལ་བཀའ་སློབ་སྩལ་སྐབས། ། H.E. Ling Rinpoche continued his journey to Zanskar. Day … Read more

June 3, 2025

H.E. Ling Rinpoche Met with Devoted Receptions from Each Village on Journey to Zanskar, Led By Honourable Mr. Ravi Thakur

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༥ ཚེས། ༣ ཉིན། ༸སྐྱབས་རྗེཡོངས་འཛིན་་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་སྐབས་གར་ཞའི་ས་གནས་སུ་རྒྱ་གར་དཔོན་རིགས་ར་ཝི་ཁྲ་སྐུར་དང་། གར་ཞ་ནང་པའི་ཚོགས་པའི་ཚོགས་གཙོ། ས་གནས་ཡུལ་གྲོང་། སྲིད་སུ་དང་། བཀའ་ལོང་། ཀེ་ལོན། འཇི་སི་པ་བཅས་ཀྱི་མང་ཚོགས་རྣམས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཅིང་། ས་གནས་ཡུལ་མི་རྣམས་ལ་བཀའ་སློབ་དང་། གཟུངས་སྔགས་འགའ་ཞིག་གི་ལྗགས་ལུང་སྩལ། དེ་བཞིན་གར་ཞའི་ཡུལ་གྱི་དམ་ཅན་རྡོ་རྗེ་ལེགས་པ་དང་། དཔལ་ལྡན་ལྷ་མོའི་གནས་བཅས་སུ་སྙན་ཤལ་ཕུལ་ནས་ཐུགས་སྨོན་མཛད་སྐབས་བཅས་ཀྱི་བརྙན་པར། ། H.E. Ling Rinpoche was warmly welcomed on the way to … Read more