2025 News – Ling Rinpoche

2025 News

2025 News

November 16, 2025

H.E. Ling Rinpoche Concludes 3 Days of Heartfelt Teachings and Initiations in Singapore

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༤ ནས་བཟུང་ཉིན་གྲངས་གསུམ་རིང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སིང་གྷ་པོར་མཧཱ་ཏཱ་རའི་ཆོས་ཚོགས་སུ་ནོར་གྱི་དངོས་གྲུབ་རྩོལ་བའི་ལྷ་མོ་ནོར་རྒྱུན་མ་དང་། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་ཆེན། དེ་བཞིན་སྒྲོལ་ལྗང་སོགས་ཀྱི་རྗེས་གནང་བཀའ་དྲིན་སྩལ་སྐབས། ། H.E. Ling Rinpoche concluded today three days of profound and heartfelt teachings and initiations at Fuqing Association Singapore, in … Read more

November 12, 2025

H.E. Ling Rinpoche Warmly Welcomed to Singapore by Various Dharma Centers

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༢ཉིན་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིངྒ་པོར་རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་བསྒྱུར་སྐབས་མཧཱ་ཏཱ་ར་ཆོས་ཚོགས་ཀྱི་དགེ་བཤེས་ལགས་དང་ཚོགས་གཙོ། ཚོགས་མི་རྣམས་པ། སྨད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་རྣམ་པས་གཙོས་ས་གནས་སུ་ཡོད་པའི་ཆོས་ཚོགས་ཁག་གི་ཚོགས་གཙོ་དང་། དགེ་བཤེས་ལགས། ཚོགས་མི་རྣམས་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་རྣམ་པས་ལག་ཟུང་དྲི་ཞིམ་མེ་ཏོག་སྤོས་སྣེ་དང་བཅས་དགའ་བསུའི་འཚམས་འདྲི་ཞུ་སྐབས། ། H.E. Kyabjé Ling Rinpoche arrived in Singapore and was warmly welcomed at the airport by the representatives of … Read more

November 11, 2025

H.E. Ling Rinpoche Participates in Celebrations Marking 70th Birth Anniversary of His Majesty the Fourth Druk Gyalpo

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༡ཉིན་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་གི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་གི་རྒྱལ་ས་ཐིམ་བུར་འབྲུག་རྒྱལ་བཞི་པ་དཔལ་མི་དབང་མངའ་བདག་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དགུང་གྲངས་ ༧༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཤིང་། མཛད་སྒོའི་ཐོག་ རྒྱ་གར་གྱི་སྲིད་བློན་ཤྲིར་ན་རེན་དྷ་མོ་དྷི་མཆོག་དང་། འབྲུག་རྒྱལ་བློན་སྐུ་འཁོར་ལྷན་རྒྱས། ཆོས་ལུགས་རིས་སུ་མ་མཆིས་པའི་བླ་ཆེན་ཁག་གི་དབུས་མི་གྲངས་༢༧༠༠༠ ལྷན་འཛོམས་ཐོག་མཛད་སྒོ་གཟབ་རྒྱས་ངང་བསྲུང་བརྩི་ཞུ་སྐབས་ཀྱི་སྐུ་པར། ། H.E. Kyabjé Ling Rinpoche participated in the celebrations marking the 70th Birth Anniversary of His … Read more

November 11, 2025

H.E. Ling Rinpoche With Leaders of Various Tibetan Buddhist Sects at Global Buddhist Prayer Festival

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༡ ཉིན་འབྲུག་གི་རྒྱལ་ས་ཐིམ་བུར་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་སྐབས་འབྲུག་རྒྱལ་པོའི་ཕོ་བྲང་དུ་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག། གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག། མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག། ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་བཅས་མཇལ་འཕྲད་སྐབས་ཀྱི་སྐུ་པར། ། At the Global Buddhist Prayer Festival at the Royal Palace in Bhutan, a photograph was … Read more

November 11, 2025

H.E. Ling Rinpoche with Dzongsar Khyentse Rinpoche During the Global Peace Prayer Festival

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༡ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་འབྲུག་གི་རྒྱལ་ས་ཐིམ་བུར་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་སྐབས་འབྲུག་གི་རྒྱལ་པོའི་ཕོ་བྲང་དུ་མཇལ་འཕྲད་སྐབས་ཀྱི་སྐུ་པར། ། H.E. Ling Rinpoche was together with Dzongsar Khyentse Rinpoche during the Global Peace Prayer Festival held in Bhutan, at the Royal … Read more

November 11, 2025

H.E. Ling Rinpoche Offers Heartfelt Respect and Prayers on the 70th Birthday of His Majesty the Fourth Druk Gyalpo Jigme Singye Wangchuck of Bhutan

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༡ ཉིན་འབྲུག་རྒྱལ་བཞི་པ་དཔལ་མི་དབང་མངའ་བདག་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་འདི་ལོར་དགུང་གྲངས་ ༧༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དགའ་གུས་སྤྲོ་གསུམ་གྱིས་འཚམས་འདྲི་ཞུ་བ་དང་ཆབས་ཅིག་མི་དབང་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་སྐབས། ། ࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༥ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་གི་རྒྱལ་ས་ཐིམ་བུར་”འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་”ཉིན་གཉིས་པའི་ཉིན་འབྲུག་རྒྱལ་བཞི་པ་དཔལ་མི་དབང་མངའ་བདག་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་མཇལ་འཕྲད་སྐབས་ཀྱི་བརྙན་པར། H.E. Kyabjé Ling Rinpoche sends warm greetings on the auspicious occasion of … Read more

November 10, 2025

H.E. Ling Rinpoche Meets with the Honorable Prime Minister of Bhutan

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༠ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་གི་རྒྱལ་ས་ཐིམ་བུར་འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ཚེ་རིང་སྟོབས་རྒྱལ་མཆོག་དང་མཇལ་འཕྲད་སྐབས་ཀྱི་སྐུ་པར། ། H.E. Kyabjé Ling Rinpoche met with the Honorable Prime Minister of Bhutan at the Pemako Hotel. They had a warm meeting … Read more

November 9, 2025

H.E. Ling Rinpoche Meets with Her Majesty Gyalyum Ashi Kalsang Chöden Wangchuck

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་གི་རྒྱལ་ས་ཐིམ་བུར་འབྲུག་རྒྱལ་བཞི་པ་དཔལ་མི་དབང་མངའ་བདག་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་རྒྱལ་ཡུམ་ཆེན་མོ་ཨ་ཤེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་དང་མཇལ་འཕྲད་སྐབས་ཀྱི་བརྙན་པར། ། H.E. Kyabjé Ling Rinpoche had a meeting with Her Majesty Gyalyum Ashi Kalsang Chöden Wangchuck. Her Majesty graciously hosted high tea, … Read more