2025 News – Ling Rinpoche

2025 News

2025 News

November 8, 2025

H.E. Ling Rinpoche Makes Pilgrimage to Tiger’s Nest Monastery, Facilitated by Royal Bhutan Army

࿑སྤྱི་ལོ་༢༠༢༥ཟླ་བ། ༡༡ཚེས། ༨ ཉིན་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སློབ་དཔོན་ཐུགས་རྗེ་ཅན་གྱི་གནས་མཆོག་འབྲུག་ཡུལ་སྤ་རོ་སྟག་ཚང་དུ་གནས་མཇལ་ཕེབས་སྐབས་ཀྱི་སྐུ་པར། ། H.E. Kyabjé Ling Rinpoche made a pilgrimage to the sacred Tiger’s Nest Monastery, Paro Taktsang. Rinpoche was warmly welcomed by the monastic community, and … Read more

November 7, 2025

H.E. Ling Rinpoche Pays Respects at Kyichu Lhakhang, Built by King Songtsen Gampo, and is Welcomed By Governor of Paro and Monastic Community

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༧ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འབྲུག་ཡུལ་སྤ་རོའི་ནང་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱག་བཏབ་མཛད་པའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་ཡ་གྱལ་སྤ་རོ་སྐྱིད་ཆུ་ལྷ་ཁང་དུ་གནས་གཟིགས་སུ་ཆིབས་བསྒྱུར་སྐབས་རྫོང་བདག་མཆོག་དང་། ས་གནས་ཀྱི་མཁན་ཆེན་གྱི་དབུས་དགེ་འདུན་པ་དང་།དད་ལྡན་རྣམས་ནས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་གཟིགས་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་་དགེ་འདུན་པ་རྣམས་ནས་གསོལ་ཚོགས་འབུལ་ལམ་ཞུས་ཅིང་༸རྒྱལ་བའི་ཞབས་བརྟན་དང་། ཚད་མེད་ཡོན་ཏན་གསུང་གནང་མཛད་ཅིང་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ་ཡངས་པའི་འཇིག་རྟེན་ཁམས་སུ་ནད་སྨུག་འཁྲུག་རྩོད་སོགས་ཞི་བའི་ཐུགས་སྨོན་མཛད་སྐབས་ཀྱི་བརྙན་པར། ། H.E. Kyabjé Ling Rinpoche visited and paid respects at Kyichu Lhakhang in Paro, one of Bhutan’s most ancient … Read more

November 6, 2025

H.E. Ling Rinpoche Warmly Welcomed to Lhobrak Kharchu Monastery and Visits Membar Tso

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལྷོ་བྲག་འཁར་ཆུ་གྲྭ་ཚང་དུ་ཆིབས་བསྒྱུར་སྐབས་དགོན་པའི་སློབ་དཔོན་དང་དགེ་འདུན་པ། དད་ལྡན་རྣམས་ནས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་གཟིགས་དང་། གཏེར་གཏོན་པདྨ་གླིང་པའི་དུས་གསུམ་སངས་རྒྱས་སྐུ་གཏེར་མ་སྤྱན་དྲངས་པའི་གནས་མཆོག་མེ་འབར་མཚོར་ཆིབས་བསྒྱུར་གྱིས་ཐུགས་སྨོན་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རི་བོ་བསངས་མཆོད་གསུང་འདོན་ཞུ་སྐབས་ཀྱི་བརྙན་པར། ། H.E. Kyabjé Ling Rinpoche visited Lhobrak Kharchu Monastery. The Abbot, monks, and devoted followers gave a warm and respectful welcome with traditional … Read more

November 6, 2025

H.E. Ling Rinpoche Visits Zangtog Pheri in Bumthang, Built by Her Majesty Gyalyum Chenmo

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ འབྲུག་ཡུལ་འབུམ་ཐང་དུ་འབྲུག་རྒྱལ་ཐོག་བཞི་པ་མི་དབང་མངའ་བདག་སེངྒེ་དབང་ཕྱུག་མཆོག་གི་རྒྱལ་ཡུམ་ཆེན་མོ་མཆོག་གི་བཞེངས་པའི་རྔ་ཡབ་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་ཟངས་མདོག་དཔལ་གྱི་རི་བོར་གནས་གཟིགས་སུ་ཆིབས་བསྒྱུར་སྐབས་ཀྱི་སྐུ་པར། ། H.E. Kyabjé Ling Rinpoche visited the Zangtog Pheri in Bumthang, which was built by Her Majesty Gyalyum Chenmo, the Mother of His Majesty the … Read more

November 6, 2025

H.E. Ling Rinpoche Warmly Received at Bumthang Airport by Honorable Governor, Dignitaries and Members of Local Tibetan and Bhutanese Communities 

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འབྲུག་འབུམ་ཐང་དུ་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ས་གནས་རྫོང་བདག་མཆོག་དང་རྫོང་རབ་མཆོག། ས་གནས་འབུམ་ཐང་རྫོང་གི་ཉེན་རྟོག་མགོ་དཔོན་མཆོག་གནམ་ཐང་གི་གཙོ་འཛིན་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཅིང་དེ་བཞིན་ས་གནས་བོད་རིགས་མི་དམངས་ནས་ཕྱེ་མར་ཆང་ཕུད་དང་ལག་ཏུ་དཀར་གཙང་མཇལ་དར་བསྣམས་ཏེ་མཇལ་ཞུ་སྐབས་ཀྱི་སྐུ་པར། ། H.E. Kyabjé Ling Rinpoche was warmly received at the airport in Bumthang, Bhutan, by the Honorable Governor, the Deputy Governor, local government officials, … Read more

November 5, 2025

H.E. Ling Rinpoche Honored to Meet with His Majesty Kin Jigme Khesar Namgyel Wangchuck of Bhutan

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་རྒྱལ་ལྔ་པ་དཔལ་མི་དབང་མངའ་བདག་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། མཇལ་མོལ་སྐབས་དུས་ཡུན་རིང་པོར་བཀའ་སྡུར་ལྷུག་པོ་གནང་ཞིང་། འབྲུག་ཡུལ་འདི་དེང་གི་དུས་སུ་ནང་པ་སངས་རྒྱས་པའི་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་མཁན་རྒྱལ་ཁབ་གཅིག་པུ་དེ་ཡིན་པས་དེའི་ཐོག་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོ་གནང་ཕྱོགས་དང་། ཆོས་དང་རིགས་གཞུང་གི་ཕྱུག་པའི་རྒྱལ་ཁབ་འདིའི་ནང་མི་དབང་མངའ་བདག་མཆོག་ནས་རིས་སུ་མ་མཆིས་པའི་ནང་བསྟན་ཆོས་ལུགས་ཁག་ལྷན་དུ་འཛོམས་ནས”འཛམ་གླིང་ཞི་བདེའི་”ཆེད་དུ་སྨོན་ལམ་གོ་སྒྲིག་གནང་བར་ཡི་རངས་བསྔགས་བརྗོད་ཞུས་ཅིང་། སླད་མར་ཡང་རིས་མེད་རྒྱལ་བསྟན་གོང་དུ་སྤེལ་བའི་ཐུགས་བསྐྱེད་གནང་སྐྱོང་ཡོང་བ་ཞེས་ཞུ་སྐབས། ། H.E. Kyabjé Ling Rinpoche had the profound honor of meeting His Majesty King Jigme Khesar Namgyel Wangchuck of Bhutan.  The … Read more

November 5, 2025

H.E. Ling Rinpoche Meets with His Holiness the 70th Je Khenpo, Tulku Jigme Choekyi Dakpa

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༤ ཉིན་ཆོས་ལྡན་འབྲུག་གི་རྗེ་མཁན་པོ་ཁྲི་རབས་བདུན་བཅུ་པ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འབྲུག་གི་རྒྱལ་ས་ཐིམ་བུར་”འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་”དབུ་འབྱེད་མཛད་སྒོའི་ཉིན་མཇལ་ཕྲད་སྐབས་ཀྱི་སྐུ་པར། ། H.E. Kyabjé Ling Rinpoche had a meaningful meeting with His Holiness the 70th Je Khenpo, Tulku Jigme Choekyi Dakpa, during the Global Peace … Read more

November 5, 2025

H.E. Ling Rinpoche Leads Monlam Prayers Representing The Gelug Tradition, with H.E. Jangtse Chöje Rinpoche

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༥ ཉིན་འབྲུག་གི་རྒྱལ་ས་ཐིམ་བུར་”འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་”ཉིན་གཉིས་པའི་དབུ་བཞུགས་སུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། བྱང་རྩེ་ཆོས་རྗེ་༸སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་ལྷན་དུ་ཆིབས་བསྒྱུར་གྱིས་མཛད་རིམ་བཞིན་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྨོན་ལམ་གསུང་འདོན་བཀའ་དྲིན་བསྐྱངས་སྐབས་དཔལ་ལྡན་འབྲུག་རྒྱལ་ཁབ་སྲིད་བློན་མཆོག་ནས་ཕེབས་བསུ་མཇལ་དར་ཕུལ་ཅིང་། མཆོད་དབྱངས་ལྷ་མོ་རྣམས་ཀྱི་འཚམས་འདྲིས་སྔོན་བསུས་ཏེ་སྨོན་ལམ་གྱི་མཆོད་པའི་ལྷ་རྣམས་ལ་སྙན་ཤལ་དང་”འཛམ་གླིང་ཞི་བདེ་”ཡོང་བའི་ཆེད་དུ་ཐུགས་སྨོན་བདེན་ཚིག་གནང་སྐབས་ཀྱི་སྐུ་པར། ། H.E. Kyabjé Ling Rinpoche attended the second day of the Global Peace Prayer Festival as the lead of the Monlam, representing the Gelug … Read more