2025 News – Ling Rinpoche

2025 News

2025 News

July 21, 2025

H.E. Ling Rinpoche Sponsors First Replica of Ashoka Pillar in Sri Lanka as Heartfelt Offering for H.H. the Dalai Lama’s 90th Birthday

༄༅།། ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༢༢ སྐུའི་ལྷག་དཀར་ཉིན། ཤྲཱི་ལངྐའི་རྒྱལ་ཁབ་ཏུ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་༸གོང་ས་༸ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདི་ལོར་དགུང་གྲངས་ ༩༠ ཕེབས་པའི་བྱམས་བརྩེའི་ལོར་བསྲུང་བརྩི་ཞུ་ཆེད་དང་། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་མཐུན་འགྱུར་ཡོངས་རྫོགས་གནང་ཏེ། ཡུལ་དེར་སངས་རྒྱས་ཀྱི་བསྟན་པའི་སྲོལ་ཐོག་མར་འཛུགས་མཛད་ཆོས་ཀྱི་རྒྱལ་པོ་ཆེན་པོ་‘ཨ་ཤོ་ཀའི་རྡོ་རིང་’གསར་བཞེངས་ལེགས་པར་གྲུབ་སྟེ། རྒྱ་གར་གཞུང་ཚབ་ཆེན་མོས་རྟེན་འབྲེལ་དབུ་འབྱེད་དང་འབྲེལ་མཛད་སྒོ་གཟབ་རྒྱས་བསྐྱངས་པའི་སྐུ་པར། ། H.E. Kyabjé Yongzin Ling Rinpoche has sponsored the building of the first replica Ashoka … Read more

July 11, 2025

H.E. Ling Rinpoche Receives Khen Rinpoche Yeshi Lhundup of Drepung Loseling Monastery

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༧ ཚེས། ༡༡ ཉིན། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་ཡེ་ཤེས་ལྷུན་འགྲུབ་མཆོག་དང་། གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་ཀུན་གཟིགས་གྲགས་པ་བཅས་དྷ་ས་བཞུགས་སྒར་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་སྐབས་སུ་སྒྲོན་པའི་སྐུ་པར། ། H.E. Ling Rinpoche received a visit from Khen Rinpoche Yeshi Lhundup of Drepung Loseling Monastery at Ling Labrang in … Read more

July 7, 2025

H.E. Ling Rinpoche Attends Special Gathering Hosted by the Drepung Loseling Administration

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༧ ཚེས། ༧ ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ། འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ། བཀའ་ཟུར་ཀིརྟི་རིན་པོ་ཆེ། རྒྱུད་སྟོད་མཁན་རིན་པོ་ཆེ། གྲྭ་ཚང་མཁན་རིན་པོ་ཆེ། སླེ་ལུང་རིན་པོ་ཆེ། ཚེ་མཆོག་གླིང་རིན་པོ་ཆེ། གྲྭ་ཚང་མཁན་ཟུར་རིན་པོ་ཆེས་དབུས་རང་ཁོངས་བླ་སྤྲུལ་ཁག་ཅིག་ལ་བཞུགས་སྒར་དྷ་ས་སུ་རི་ཡ་གསོལ་མགྲོན་ཁང་དུ་གསོལ་ཚིགས་འདེགས་འབུལ་ཞུ་སྐབས་ཀྱི་སྐུ་པར། ། The Drepung Loseling Administration had the great honor of hosting a special lunch … Read more

June 25, 2025

H.E. Ling Rinpoche Visits Pethub Monastery Which Offers Brief Long Life Offering

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༢༥ ཉིན། ལ་དྭགས་གླེ་དཔེ་ཐུབ་དགོན་དུ་ཆིབས་བསྒྱུར་སྐབས་དགོན་པའི་མཁན་རིན་པོ་ཆེས་དབུས་ལས་སྣེ་དབུ་ཆོས་འདུས་མངས་དང་དད་ལྡན་རྣམས་ཀྱི་ཕེབས་བསུ་སེར་སྦྲེང་དང་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་བཅུའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཅིང་། དེ་བཞིན་དད་ལྡན་རྣམས་ལ་སྒྲོལ་མའི་ལྗགས་ལུང་དང་། བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་སྐབས། ། H.E. Kyabjé Yongzin Ling Rinpoche was invited to and visited Pethub Monastery in Leh, where a brief Long … Read more

June 24, 2025

H.E. Ling Rinpoche Visits Jamyang High School to Give Transmission and Advice

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༢༤ ཉིན། ལ་དྭགས་གླེ་འཇམ་དབྱངས་སློབ་གྲྭར་ཆིབས་བསྒྱུར་སྐབས་སློབ་གྲྭའི་དབུ་འཛིན་དང་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཕེབས་བསུ་རྔ་རོལ་དབྱངས་ཀྱི་སྔོན་བསུས་ཏེ་སློབ་གྲྭའི་མདུན་ཐང་དུ་གང་བློ་མ་དང་། སྒྲོལ་མ། གཟུངས་སྔགས་འགའ་ཞིག་གིས་ལྗགས་ལུང་། དེ་བཞིན་སློབ་ཕྲུག་ཚོས་གོ་སྐབས་བཟང་པོ་དམ་འཛིན་ཐོག་འདབ་གཤོག་གཉིས་ལྡན་གྱི་སློབ་ཕྲུག་བཟང་པོ་ཞིག་ཡོང་བར་འབད་བརྩོན་དགོས་པའི་སྐོར་ལ་བཀའ་སློབ་སྩལ་སྐབས། ། H.E. Kyabjé Ling Rinpoche visited Jamyang High School in Leh, where he bestowed the transmission of the … Read more

June 23, 2025

H.E. Ling Rinpoche Gives Teachings and Transmissions at Choglamsar Dharma Centre

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༢༣ ཉིན། ལ་དྭགས་གླེ་སེམས་བསྐྱེད་ཚོགས་པས་ཞུ་དོན་ལྟར་ལ་དྭགས་དྷརྨ་སན་ཊར་དུ་ཆིབས་བསྒྱུར་སྐབས་དགོན་པའི་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན་། སེམས་བསྐྱེད་ཚོགས་པ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཀྱི་སྔོན་བསུས་ཏེ་དད་ལྡན་སེར་སྐྱ་རྣམས་ལ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་རྒྱལ་པོ་དང་། དགེ་སློང་དཔལ་མོས་མཛད་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་པོ་བསྟོད་ཀྱི་ལྗགས་ལུང་། དེ་བཞིན་འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དང་། བླང་དོར་གྱི་བཀའ་སློབ་སྩལ་ H.E. Kyabjé Ling Rinpoche bestowed a teaching on the commentary of The Three Principal Aspects of … Read more

June 23, 2025

H.E. Ling Rinpoche Visits Tibetan Children’s Village in Ladakh, Giving Teaching and Advice on Cultural Preservation

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༢༣ ཉིན། ལ་དྭགས་བསོད་ནམས་གླིང་ལ་སྤྱི་ལས་ཁུངས་དང་། ལ་དྭགས་བོད་ཁྱིམ་བཅས་ནས་གསོལ་འདེབས་ཞུ་དོན་ལྟར་བོད་ཁྱིམ་སིལ་པོལ་རྩེད་ཐང་དུ་ཆིབས་བསྒྱུར་སྐབས་ས་གནས་བོད་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཚོགས་སྡེ་ཁག་གི་འགན་འཛིན། དགེ་ལས་སློབ་ཕྲུག་སོགས་ནས་རྔ་རོལ་དབྱངས་དང་བཅས་ཕེབས་བསུ་གཟབ་རྒྱས་ཀྱི་སྔོན་བསུས་ཏེ་གསར་དུ་བཞེངས་པའི་དུས་འཁོར་མཆོད་རྟེན་དང་། མ་ཎི་ལག་འཁོར་ལ་རབ་གནས་དེ་བཞིན་བཀའ་གདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་། སྒྲོལ་མ་དང་གཟུངས་སྔགས་འགའ་ཞིག་གི་ལྗགས་ལུང་དང་། འཇུག་ཏུ་བཀའ་སློབ་སྩལ་དོན་བོད་མི་ཚོས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་པ་གསུངས། དེ་བཞིན་ན་གཞོན་རྣམས་ཀྱི་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་ཐོག་ཕ་མེས་ནས་བརྒྱུད་པའི་ཡ་རབས་གུས་ཞབས་དང་དེང་དུས་ཀྱི་སློབ་སྦྱོང་སོགས་ཚད་དང་ལྡན་པ་ཞིག་དགོས་པ་གསུངས། ། H.E. Kyabjé Yongzin Ling Rinpoche visited the Tibetan Children’s Village in Ladakh, where … Read more