2025 News – Ling Rinpoche

2025 News

2025 News

April 9, 2025

H.E. Ling Rinpoche Visits Dolma Ling Nunnery as Chief Guest for Annual Certification Ceremony

࿑ ཕྱི་ལོ། ༢༠༢༥ ཟླ། ༤ ཚེས། ༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྩེར་སོན་རྣམས་ལ་གཟེངས་བསྟོད་འབུལ་བའིམཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་སྐབས་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་སློབ་སྤྱི་དང་། དཔེ་འཁྲིད་རྒན་ལགས་དང་། རང་གཞུང་ཆོས་རིག་དྲུང་ཆེ་མཆོག་དང་། རང་གཞུངཤེས་རིག་དྲུང་ཆེ་མཆོག། དེ་བཞིན་བཙུན་དགོན་འདུས་སྤྱི། བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་སློབ་སྟོན་པ་བཀའ་ཟུར་ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག་དང་། བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པའི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས་བཅས་ནས་ཕེབས་བསུ་གཟབ་རྒྱས་ཐོག་གཙུག་ལག་ཁང་དུ་གདན་ཞུས་ཀྱི་མཛད་སྒོ་སྲུང་བརྩི་དང་། ཕྱག་ཁྱེར་གསོལ་སྩལ། དེ་བཞིན་བླང་དོར་གྱི་བཀའ་སློབ་སྩལ་སྐབས། H.E. Ling Rinpoche visited Dolma Ling Nunnery in Dharamsala as the Chief Guest for … Read more

April 1, 2025

H.E. Ling Rinpoche Receives Heartfelt Farewell and Requests for Swift Return to Nepal

࿑ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བལ་ཡུལ་ཁུལ་གྱི་མཛད་རིམ་ལེགས་པར་གྲུབ་ཏེ་རྒྱ་གར་དུ་ཆིབས་ཞལ་བསྒྱུར་སྐབས་བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་། དགོན་སྡེ་དང་བཙུན་དགོན་ཁག་གི་མཁན་བླ་དང་འཐུས་མི། བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་གཙོ་བཅས་ནས་གནམ་ཐང་དུ་ཕེབས་སྐྱེལ་གཟབ་རྒྱས་ཞུ་སྐབས། ། H.E. Ling Rinpoche was bid farewell with deep gratitude and heartfelt prayers from the people of Nepal at Kathmandu Airport. They wished Rinpoche a … Read more

March 30, 2025

H.E. Ling Rinpoche Visits Thukche Choeling Nunnery in Swayambhu

࿑ ཕྱི་ལོ། ༢༠༢༥ ཟླ། ༣ ཚེས། ༣༠ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་འཕགས་ཤིང་ཐུགས་རྗེ་ཆོས་གླིང་བཙུན་དགོན་དུ་ཆིབས་བསྒྱུར་སྐབས་རྫོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་དང་། བཙུན་དགོན་གྱི་མཁན་པོས་དབུས་དབུ་ཆོས་ལས་སྣེ་འདུས་མང་། དེ་བཞིན་བལ་ཡུལ་སྨོན་ལམ་ཆེན་མོའི་ཚོགས་གཙོས་དབུས་ཕྱོགས་ཕེབས་ཀྱི་དགེ་འདུན་པ་བཅས་ནས་སྤྱན་རྒྱ་སྤོས་སྣེ་དང་ཕེབས་བསུ་སེར་སྦྲེང་གིས་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་བཅུ་དང་འབྲེལ་མཎྜལ་རྟེན་གསུང་འདེགས་འབུལ་ཞུ་སྐབས། H.E. Ling Rinpoche visited Thukche Choeling Nunnery in Swayambhu in Kathmandu, Nepal. View highlights of the visit

March 26, 2025

H.E. Ling Rinpoche Visits Nagajuna Modern School in Pokhara

࿑ ཕྱི་ལོ། ༢༠༢༥ ཟླ། ༣ ཚེས། ༢༦ རེས་གཟའ་ལྷག་པའི་ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་པོག་ར་༼མགོན་པོ་ཀླུ་སྒྲུབ༽ན་གྷར་ཇུ་ནའི་དེང་རབས་ཞག་སྡོད་སློབ་གྲྭར་ཆིབས་བསྒྱུར་གྱིས་གང་བློ་མའི་ལྗགས་ལུང་དང་། བཀའ་སློབ། གཞས་སྣ་གཟིགས་འབུལ་ཁག་ལ་དགྱེས་གཟིགས་གནང་བཞིན་པ། H.E. Kyabjé Yongzin Ling Rinpoche visited the Nagajuna (Gönpo Ludrup) Modern School in Pokhara, Nepal where Rinpoche gave advice … Read more

March 25, 2025

H.E. Ling Rinpoche Gives Teaching and Bestows White Tara Long Life Initiation at Tashi Ling Tibetan Settlement

ཕྱི་ལོ། ༢༠༢༥ ཟླ། ༣ ཚེས། ༢༥ རེས་གཟའ་མིག་དམར་ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བལ་ཡུལ་པོག་ར་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་ཚོགས་ཁང་ནང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་བཀའ་ཆོས་གནང་བཞིན་པ། H.E. Ling Rinpoche gave a teaching on an Introduction to Buddhism, the oral transmission of The 37 Practices of a Bodhisattva and … Read more