2026 News – Ling Rinpoche

2026 News

2026 News

April 6, 2026

H.E. Ling Rinpoche Shares Sacred Prayer by His Holiness the Dalai Lama for Swift Return of Ngari Rinpoche

༄༅།། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་ནི་སྐུ་ཚེ་ཧྲིལ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་ཏེ་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་མཛད་པ་དེ་ལས་ལྷག་པའི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གཞན་མེད་པས་དྭངས་པས་ཡི་རངས་དང་འབྲེལ་སྨོན་ལམ་ཞུ་རྒྱུ་དང་། ལྷག་པར་གང་གི་གདུལ་བྱའི་སྡེ་དགོན་དང་། དེ་བཞིན་སེར་སྐྱ་མི་མང་རྣམས་ནས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་ཞུས་པར་ཡི་རངས་བསྔགས་བརྗོད་དང་འབྲེལ་ཞི་བར་གཤེགས་པ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་འཁྲུལ་བྲལ་གྱི་ཡང་སྲིད་མྱུར་དུ་བྱོན་ཏེ་སྐུའི་ཚེ་རབས་ཕྲེང་བར་༸རྒྱལ་དབང་རིམ་བྱོན་གྱི་ཞབས་འདེགས་ཞུ་ཐུབ་པའི་སྨོན་ལམ་བཅས། །ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༦ ཉིན།། H.E. Ling Rinpoche shared a sacred prayer by His Holiness the 14th Dalai Lama for the swift return of … Read more

April 1, 2026

H.E. Ling Rinpoche Delivers Speech on Peace at Bodh Gaya Conclave

࿑ ཕྱི་ལོ། ༢༠༢༦ ཕྱི་ཟླ། ༤ ཚེས། ༡ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མཉམ་མེད་ཐུབ་པའི་དབང་པོ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་པ་དང་མཛད་སྒོའི་ཐོག་གསུང་འཕྲིན་གནང་སྐབས་ཀྱི་སྐུ་པར། H.E. Ling Rinpoche attended and delivered a speech at the Bodh Gaya Conclave, organized by the Asian Buddhist Conference for Peace, in … Read more

March 28, 2026

H.E. Ling Rinpoche is Chief Guest at Town Hall Dharma Gathering with General Secretary of RSS in Dharamshala

དེ་རིང་བཞུགས་སྒར་རྡ་ཤོད་ཀྱི་ས་གནས་སྤྱི་ཁང་དུ་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་སོང་། H.E. Ling Rinpoche was invited as the Chief Guest for a Dharma gathering at the Town Hall in Dharamshala, where he shared a heartfelt message in the presence … Read more

March 3, 2026

H.E. Ling Rinpoche Wishes All Happy Holi!

Message from H.E. Ling Rinpoche: होली के पावन अवसर पर आपको एवं आपके परिवार को हार्दिक शुभकामनाएँ।रंगों का यह त्योहार आपके जीवन में सुख, शांति, समृद्धि तथा अपार खुशियाँ लेकर … Read more

February 24, 2026

H.E. Ling Rinpoche Bestows Long Life Initiation and Gives Advice at Lakhanwala Tibetan Settlement in Uttarakhand

࿑ ཕྱི་ལོ། ༢༠༢༦ ཕྱི་ཟླ། ༢ ཚེས། ༢༤ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སྡེ་ར་སྡུན་གཡུལ་རྒྱལ་གླིང་Lakhanwala ས་གནས་སུ་དད་ལྡན་རྣམས་ལ་རྗེ་བཙུན་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བཀའ་དྲིན་སྩལ་སྐབས། ། H.E. Ling Rinpoche bestowed the White Tara Long Life Initiation at the Lakhanwala Tibetan Settlement in Uttarakhand. Thousands of devotees … Read more

February 24, 2026

H.E. Ling Rinpoche Presides Over 50th Anniversary of the Founding of Yougyalling (Lakhanwala) Tibetan Settlement

࿑ ཕྱི་ལོ། ༢༠༢༦ ཕྱི་ཟླ། ༢ ཚེས། ༢༤ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྡེ་ར་སྡུན་གཡུལ་རྒྱལ་གླིང་ Lakhanwala གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་དབུ་བཞུགས་སུ་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ། མཛད་སྒོའི་ཐོག་རང་གཞུང་ནང་སྲིད་དྲུང་ཆེ་སྐུ་ངོ་དཔལ་ལྡན་དོན་འགྲུབ་མཆོག་དང་། ས་གནས་སུ་བཞུགས་པའི་རང་གཞུང་བཀའ་ཟུར་རྣམ་པ། ས་གནས་ཝི་ཀཱ་སི་ན་གྷར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ཨན་ནུ་རུ་དྷ་མཆོག། ས་གནས་ཝི་ཀཱ་སི་ན་གྷར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་་སྐུ་ཞབས་པཱ་རམ་ཅན་དྷ་དྡྷེན་མཆོག། ཨུ་ཏར་ཁན་མངའ་སྡེའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་མཱོ་ན་སིང་ཅོ་ཧན་་མཆོག། དྭངས་སློབ་དམག་སྤྱི་གཞོན་པ་སྐུ་ཞབས་ཀ་ནལ་བི་མལ་མོ་ཧན་ན་ཐན་ནི་མཆོག། གོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་དང་དགེ་འདུན་པ་རྣམ་པ། ཉེ་འཁོར་ཧི་མ་ཅལ་དང་སྡེ་ར་སྡུན་ས་ཁུལ་གྱི་གཞིས་ཆགས་ཁག་བདུན་གྱི་གཞིས་མགོ་རྣམ་པ། དྭངས་སློབ་དམག་ཞབས་ཟུར་པ་དང་། ས་གནས་མི་དམངས་ལྷན་བཞུགས་ཐོག་མཛད་སྒོ་གཟབ་རྒྱས་ཚོགས་བཞིན་པ། ། H.E. Kyabje Yongzin Ling Rinpoche was graciously invited as … Read more