PAGE NEWS News – Ling Rinpoche

News – Ling Rinpoche

News

September 2024

September 7, 2024

Sep
07

༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བོད་ལུགས་ལྟར་ན་དགུང་གྲངས་༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་སྲུང་རྩི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་བཀའ་སློབ་གསུང་བཤད་གནང་བ་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་གནང་ནས་དང་ཐོག་མོན་རྟ་དབང་དགོན་དུ་བཀའ་ཆོས་བཀའ་དྲིན་བསྐྱངས་གནང་མཛད་ནས་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་དུས་དྲན་བཅས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་རྩི་ཞུ་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche presided over and gave a talk as the Chief Guest, alongside Honorable Pema Khandu, Chief Minister, Assembly members of India, members of the Legislative Assembly of Arunachal Pradesh, honorable members of the Central Tibetan Administration, and many distinguished guests, to celebrate the 90th birthday of His Holiness the Great 14th Dalai Lama according to the Tibetan Lunar Calendar, as well as the 65th anniversary of His Holiness’ first teaching given in exile in Mon Tawang. The program was organized by the Monpa community at Theckchen Choeling, Dharamsala.

September 7, 2024

Sep
07

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༧ ཉིན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུས་མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྡོ་རྗེ་སློབ་དཔོན་གནང་བཞིན་པའི་བརྙན་པར། །

On September 7th, H.E. Ling Rinpoche presided over a Long Life Prayer Ceremony (Tenshug) offered to His Holiness the Dalai Lama by the Honorable Chief Minister Pema Khandu and the Monpa people of Arunachal Pradesh at His Holiness’ temple in Dharamsala, HP, India.

September 5, 2024

Sep
05

H.E. Ling Rinpoche received an audience with Honorable Shri Pema Khandu, the Chief Minister of Arunachal Pradesh and his family, at Rinpoche’s residence in Dharamsala. They spent more than three hours together, discussing various subjects, and later enjoyed dinner together. It was a wonderful time for all.

September 5, 2024

Sep
05

࿑ དད་དམ་གཡོ་བ་མེད་པ་མོན་ཡུལ་མི་མང་སྤྱི་དང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བཅས་ནས་་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་བའི་སྔོན་འགྲོར་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བཤེས་དང་གྲྭ་བཙུན་བརྒྱ་ཕྲག་ལྷག་གི་འདི་ཟླའི་ཚེས་༣ ནས་སྐུ་ཚེ་ཚེ་སྒྲུབ་སྨིན་སྒྲུབ་ཞུ་སྐབས་ཀྱི་བརྙན་པར། །

On September 3 – 6th, H.E. Ling Rinpoche led preliminary prayers and rituals at His Holiness the Dalai Lama’s temple in Dharamsala in preparation for a Long Life Prayer Ceremony (Tenshug) to be offered to His Holiness the Dalai Lama by the Chief Minister and people of Mon, Arunachal Pradesh in India on September 7th.

August 2024

August 15, 2024

Aug
15

H.E. Ling Rinpoche wishes all the people of India a very Happy Independence Day! May this year bring greater peace and prosperity to India so its goals may be realized.

August 11, 2024

Aug
11

࿑ ཕྱི་ལོ། ༢༠༢༤ ཟླ་བ། ༨ ཚེས། ༡༡ རེས་གཟའ་ཉི་མའི་ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་(Stadthalle Dietikon)ཚོགས་ཁང་དུ་བོད་རིགས་གཙོ་གྱུར་གྱི་ཕྱི་ནང་དད་ལྡན་རྣམས་ལ་བཅོམ་ལྡན་འདས་བདེ་བར་གཤེགས་པ་སྨན་གྱི་བླ་མཆེད་བདུན་གྱི་རྗེས་གནང་དང་། འཇམ་དབྱངས་བསྟོད་པ་གང་བློ་མའི་ལྗགས་ལུང་། དེ་བཞིན་བླང་དོར་གྱི་བཀའ་སློབ་སྩལ་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche visited Zurich where he bestowed the Medicine Buddha initiation and the Praise to Manjushri (Gang Lo Ma) transmission, along with valuable advice about preserving culture and religion, for the local Tibetan communities and others.

August 10, 2024

Aug
10

࿑ ཕྱི་ལོ། ༢༠༢༤ ཟླ་བ། ༨ ཚེས། ༡༠ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་སུད་སི་རི་ཀོན་ཆོས་འཁོར་དགོན་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་(རི་ཀོན་ཆོས་འཁོར་དགོན་ནི་ཕྱི་ལོ། ༡༩༦༨ ལོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་ཡོངས་འཛིན་སྐུ་བགྲེས་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་༸སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཡོངས་འཛིན་སྐུ་གཞོན་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་རྣམ་པ་གཉིས་ནས་དབུ་འབྱེད་མཛད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་པའི་དགོན་པ་ཞིག་ཡིན།)དགོན་པར་གནས་གཟིགས་དང་། འགན་འཛིན་ལྷན་ཚོགས་ལ་བཀའ་སློབ་དེ་བཞིན་གསོལ་སྟོན་འབུལ་སྐབས་བཅས་ཀྱི་བརྙན་པར། །

H.E. Ling Rinpoche was invited to Rikon Monastery in Switzerland, which was built in 1968 and consecrated by H.H. the 6th Kyabjé Yongzin Ling Rinpoche and Kyabjé Trijang Rinpoche. Rinpoche was warmly welcomed by the Monastery’s Abbot, Board Members and Monks.

August 7, 2024

Aug
07

࿑ ཕྱི་ལོ། ༢༠༢༤ ཟླ་བ། ༨ ཚེས། ༧ རེས་གཟའ་ལྷག་པའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སུད་སི་ཛུ་རིག་གནམ་ཐང་དུ་ཆིབས་བསྒྱུར་སྐབས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་། རེབ་ཀོང་དགོན་པའི་མཁན་རིན་པོ་ཆེ། སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ། ལུ་རྫན་ས་གནས་བོད་རིགས་ཚོགས་པའི་འཐུས་མི་སོགས་ཀྱི་དབུས་དད་ལྡན་སེར་སྐྱ་རྣམས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུ་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche arrived to a very warm welcome in Switzerland yesterday by the Abbot of Rikon Monastery, Representatives from the Office of Tibet, the President of the Tibetan community in Switzerland, the local Tibetan community, as well as other hosts and students.

August 5, 2024

Aug
05

࿑ ཕྱི་ལོ། ༢༠༢༤ ཟླ་བ། ༨ ཚེས། ༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་སྦེལ

འཇམ་ཏྲེ་ཧོར་སྐྱིད་སྡུག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་གསོལ་སྟོན་ལ་ཆིབས་བསྒྱུར་གྱི་བཀའ་སློབ་དང་། གཞས་སྣ་གཟིགས་འབུལ་ཁག་ལ་དགྱེས་གཟིགས་གནང་ཅིང་། ས་གནས་ཏྲེ་ཧོར་མི་མང་ནས་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་འབུལ་ལམ་ཞུ་བཞིན་པའི་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche enjoyed several events with the Tehor community in Belgium, including an honorary dinner and picnic, a celebration of H.H. the Dalai Lama’s birthday, and awarding certificates to the top students in Literature and Tibetan.

August 4, 2024

Aug
04

࿑ ཕྱི་ལོ། ༢༠༢༤ ཟླ་བ། ༨ ཚེས་ ༣ ནས་བཟུང་ཉིན་གྲངས་གཉིས་རིང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཡུ་རོབ་བྷེལ་ཇམ་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་རྒྱས་གླིང་དུ་༸གོང་ས་༸སྐྱབས་མགོན་མཆོག་གི་དགོངས་གཞི་ལྟར་འཛམ་གླིང་ཆོས་ལུགས་ཁག་གི་མཐུན་འབྲེལ་དང་ཞི་བདེའི་སྐོར་ལ་བཀའ་་སློབ་དང་། བདེན་བཞི་མཁས་པའི་བགྲོ་གླེང་ཐེངས་ལྔ་པའི་དབུ་བཞུགས་སུ་ཆིབས་བསྒྱུར་བསྐྱངས། དེ་བཞིན་ས་གནས་ཀྱི་བོད་རིགས་སྤུན་ཟླ་གཙོ་བོར་གྱུར་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་ཅིང་། འཇུག་ཏུ་ས་གནས་ཀྱི་ཚོགས་སྐྱིད་ཁག་དང་སློབ་ཕྲུག་རྣམ་ནས་གཞས་སྣ་གཟིགས་འབུལ་ཞུ་སྐབས་ཀྱི་བརྙན་པར།

During August 2-4, 2024, H.E. Ling Rinpoche spent 3 days with the Tibetan community and other students in Belgium, where Rinpoche gave valuable advice, observed a debate, enjoyed cultural performances by the community, and conferred lay vows and the White Tara Long Life Initiation, hosted by Shedroup Tengye Ling in Antwerpen.