PAGE NEWS News – Ling Rinpoche

News – Ling Rinpoche

News

May 2026

May 10, 2026

May
10

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༥ ཚེས། ནས་བཟུང་ཉིན་གྲངས་གཉིས་རིང་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝའི་ནར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཆོས་ཚོགས་སུ་ཉིན་གྲངས་གཉིས་རིང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དང་། སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་བཀའ་དྲིན་ཆེ་སྩལ། དེ་བཞིན་ཤེས་རབ་ཀྱི་ལྷ་མཆོག་ཁྱད་པར་ཅན་རྗེ་བཙུན་འཇམ་དབྱངས་དམར་སེར་གྱི་རྗེས་གནང་བཅས་སྩལ་སྐབས། །

H.E Ling Rinpoche graciously bestowed teachings, initiations, Refuge Vows, and Lay Vows at Panchen Lobsang Chogyen-FPMT in Vienna.

People from several different countries attended the joyful two-day program with great devotion to receive these precious Dharma teachings and blessings.

May 9, 2026

May
09

H.E. Kyabjé Yongzin Ling Rinpoche graciously attended and participated in the Tibetan Institute of Performing Arts (TIPA) cultural program in Vienna, Austria, as the Chief Guest.

The TIPA events are currently being held across Europe, including Austria, Germany, Switzerland, England, and other countries. These beautiful performances play an important role in preserving and promoting Tibetan culture, music, dance, and traditions. We warmly encourage everyone to attend and support.

May 8, 2026

May
08

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༥ ཚེས། ༨ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝའི་ན་ལ་པན་ཆེན་བློ་བཟང་ཆོས་རྒྱན་གྱི་ཆོས་ཚོགས་སུ་བོད་རིགས་རྣམས་ལ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བཀའ་དྲིན་ཆེ་སྩལ་དང་འཇུག་ཏུ་བཀའ་སློབ་སྩལ་དོན། རང་རིགས་རྒན་གཞོན་དར་གསུམ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྲིད་གང་ཅིའི་ཐད་ལ་བཀའ་སློབ་རབ་དང་རིམ་པ་སྩལ་ཡོད་པ་རྣམས་ཐུགས་སུ་བཅངས་ཏེ་་བོད་སྤྱི་པའི་སེམས་ཁུར་དང་། རང་མི་རིགས་ཀྱི་སྐད་དང་ཡི་གེར་སྦྱང་བརྩོན་གནང་སྟེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གནང་དགོས་པའི་སྐོར་ལ་བཀའ་སློབ་སྩལ་སྐབས། །

H.E. Kyabjé Yongzin Ling Rinpoche bestowed a Long Life Empowerment for the Tibetan community in Austria.

Following the empowerment, Rinpoche gave advice on the importance of learning and preserving the Tibetan language and script, maintaining responsibility and concern for the Tibetan cause, and fulfilling the wishes and aspirations of His Holiness the Great 14th Dalai Lama.

May 6, 2026

May
06

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༥ ཚེས། ༦ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སི་ཁྲུ་རིའི་རྒྱལ་ས་ཝའི་ན་ལ་(Vienna) ཞབས་སོར་འཁོད་སྐབས་ཆོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམ་པ་དེ་བཞིན་ས་གནས་སུ་ཡོད་པའི་བོད་རིགས་རྣམ་པས་སྤྲོ་སེམས་འཁོལ་བའི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུ་སྐབས།།

H.E. Ling Ling Rinpoche arrived in Vienna, Austria, where a warm and heartfelt reception was offered by the members of Panchen Lobsang Chogyen Center-FPMT and the Tibetan community.

May 3, 2026

May
03

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༥ ཚེས། ༣ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་རྒྱལ་ས་བྷར་ལིན་ (Berlin) ནང་ཡོད་པའི་དྷརྨ་མཱ་ཏི་རིག་པ་ཆོས་ཚོགས་སུ་ས་གནས་སུ་ཡོད་པའི་བོད་རིགས་རྣམས་ལ་ཟུར་དུ་མཇལ་ཁ་དང་། རང་གི་རིགས་གཞུང་མི་ཉམས་རྒྱུན་འཛིན་དགོས་པ་དང་། བྱིས་པའི་དུས་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་དབྱིངས་སླེབས་དགོས་པར་ཚང་མས་ཕྱར་གྲུ་མཉམ་འདེགས་དགོས་པའི་བཀའ་སློབ་སྩལ་སྐབས། །

H.E. Ling Rinpoche visited the Dharma Mati-Rigpa Center in Berlin, Germany.

Rinpoche also held a separate meeting with members of the local Tibetan community and offered guidance stressing the importance of preserving one’s own cultural and religious traditions.

He also emphasized that from childhood, it is essential to develop a strong interest in one’s native language, and that everyone should work together collectively to uphold and sustain it.

May 3, 2026

May
03

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༥ ཚེས། ༢ ནས་བཟུང་ཉིན་གྲངས་གཉིས་རིང་ ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་རྒྱལ་ས་བྷར་ལིན་ (Berlin) ནང་ཡོད་པའི་དྷརྨ་མཱ་ཏི་རིག་པ་ཆོས་ཚོགས་སུ་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང། བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་མཆེད་བདུན་གྱི་རྗེས་གནང་བཀའ་དྲིན་ཆེ་སྩལ། དེ་བཞིན་ས་གནས་སུ་ཡོད་པའི་བོད་རིགས་རྣམས་ལ་ཟུར་དུ་མཇལ་ཁ་དང་། རང་གི་རིགས་གཞུང་མི་ཉམས་རྒྱུན་འཛིན་དགོས་པ་དང་། བྱིས་པའི་དུས་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་དབྱིངས་སླེབས་དགོས་པར་ཚང་མས་ཕྱར་གྲུ་མཉམ་འདེགས་དགོས་པའི་བཀའ་སློབ་སྩལ་སྐབས། །

H.E. Ling Rinpoche bestowed a two-day teaching and initiation at Dharma Mati-Rigpa Berlin. He also gave a special talk and held a meeting with Rigpa members. In addition, he met separately with the Tibetan community in Berlin and offered advice, encouraging them to preserve and uphold their shared language and cultural heritage in the diaspora.

May 1, 2026

May
01

Vesak Message from H.E. Ling Rinpoche:

On the auspicious occasion of Vesak, we commemorate the birth, enlightenment, and parinirvana of lord Gautama Buddha.

May this sacred day remind us to cultivate compassion, wisdom, and a kind heart in our daily lives. By practicing patience, non-violence, and loving-kindness, we bring benefit not only to ourselves but to all sentient beings.

Let us take this opportunity to reflect on the Buddha’s teachings and strive to create peace within ourselves and harmony in the world.

With prayers for your happiness, good health, and spiritual growth,
Ling Rinpoche

April 2026

April 30, 2026

Apr
30

࿑ ཨ་ཎེ་ཐུབ་བསྟན་ཆོས་སྒྲོན་ལགས་ནི༸་སྐྱབས་རྗེ་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་གི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ནོད་ཅིང་ད་ལྟ་ལོ་ངོ་ལྔ་བཅུ་འཁོར་བ་དང་། ཁོང་ནི་མགོན་པོ་གང་གི་ཞལ་སྔ་ནས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན་ཅིང་ནུབ་ཕྱོགས་ཡུལ་དུ་བཙུན་མའི་དགོན་པ་ཕྱག་བཏབ་ནས་་བརྟན་པའི་གཞི་མ་འདུལ་བའི་བསྟན་པར་ཉམས་བཞེས་རྨད་དུ་བྱུང་བར་མཛད། ད་ལན་ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༣༠ ཉིན་འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་(Berlin) དྷརྨ་མཱ་ཏིའི་ཆོས་ཚོགས་སུ་ཆེད་དུ་ཕེབས་ཏེ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་ཞིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་ཕན་ཚུལ་ནང་མཆེད་བཀའ་སློབ་སྩལ་སྐབས། །

H.E. Ling Rinpoche enjoyed a special meeting with Venerable Thubten Chodron at Dharma Mati-Rigpa in Berlin today.

Venerable Thubten Chodron is a senior Buddhist nun who originally received her ordination from the previous Ling Rinpoche – His Holiness the 6th Kyabje Yongzin Ling Rinpoche, who was the Principal Teacher of His Holiness the 14th Dalai Lama.

April 27, 2026

Apr
27

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༢༥ ནས་བཟུང་ཉིན་གྲངས་གཉིས་རིང་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འཇར་མན་གྱི་གྲོང་ཁྱེར་མུ་ནིག་ (Munich) ས་གནས་སུ་ཡོད་པའི་ཨརྱ་ཏཱ་རེའི་ཆོས་ཚོགས་ཀྱི་ཚོགས་མིས་གཙོས་ས་གནས་ཀྱི་མི་མང་དང་། བོད་རིགས་སྤུན་ཟླ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་རྣམས་ལ་ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་དང་། སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་བཀའ་དྲིན་ཆེ་སྩལ། དེ་བཞིན་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་སྩལཅིང་། ས་གནས་སུ་ཡོད་པའི་བོད་རིགས་ཚོ་དང་མཇལ་ཕྲད་ཀྱི་མི་རིགས་མཐུན་བསྒྲིལ་གྱི་གལ་གནད་དང་རང་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་སྐོར་ལ་བླང་དོར་གྱི་བཀའ་སློབ་སྩལ་སྐབས། །

H.E. Kyabjé Yongzin Ling Rinpoche bestowed two days of teachings from April25th in Munich, Germany. The teachings were organized by members of the AryaTara Institut-FPMT and attended by local residents, Tibetan community members, and devoted followers from various countries.

Rinpoche gave teachings on the Seven-Point Mind Training (Lojong), and also compassionately conferred the Refuge vows and Lay vows. In addition, he granted the initiation (jenang) of the Four-Armed Chenrezig.

While meeting with the local Tibetan community, Rinpoche offered important advice on the need for unity among different communities and emphasized the importance of preserving one’s own language and cultural heritage without decline.

April 25, 2026

Apr
25

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༢༥ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འཇར་མན་གྱི་གྲོང་ཁྱེར་མུ་ནིག་ (Munich) ས་གནས་སུ་ཡོད་པའི་བོད་རིགས་ཚོ་དང་མཇལ་ཕྲད་ཀྱི་མཐུན་བསྒྲིལ་དང་རང་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་སྐོར་ལ་བླང་དོར་གྱི་བཀའ་སློབ་སྩལ་སྐབས།

H.E. Kyabjé Yongzin Ling Rinpoche met with the Tibetan Community in Munich.

Rinpoche gave advice emphasizing the importance of unity and harmony, and highlighted the need to preserve and sustain their own Tibetan language and cultural identity.