‹ News 2022

August 30, 2022

H.E. Ling Rinpoche Presented with Long Life Offering by Sera Jey Tehor Khangtsen

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༨ ཚེས། ༣༠ ཉིན་འཇམ་མགོན་བསྟན་པའི་མངའ་བདག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྲུབ་ཏུ་ཡོང་བ་སོགས་ཀྱི་ཆེད་དུ་དམིགས། སེར་བྱེས་ཏྲེ་ཧོར་ཁམས་ཚན་ནས་བརྟན་བཞུགས་གཟབ་རྒྱས་ཕུལ་བའི་སྐབས་སེར་བྱེས་མཁས་སྙན་གྲྭ་ཚང་དང་རྒྱུད་སྨད་་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་དང་། སེར་བྱེས་གྲྭ་ཚང་གི་མཁན་ཐོག་བདུན་བཅུ་དོན་བདུན་པ་རྒྱུད་སྟོད་མཁན་ཟུར་་རིན་པོ་ཆེ་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་དཔལ་བཟང་པོ་མཆོག། མཁན་རབས་དོན་བརྒྱད་པ་རྗེ་བཙུན་བཀྲ་ཤིས་ཚེ་ཐར་དཔལ་བཟང་པོ་མཆོག། དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་རྗེ་བཙུན་ངག་དབང་སངས་རྒྱས་དཔལ་བཟང་པོ་མཆོག། རྫོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་རྗེ་བཙུན་བྱམས་པ་བཟོད་པ་དཔལ་བཟང་པོ་བཅས་དང་དེ་བཞིན་སེ་ར་བླ་སྤྱིའི་ཚོགས་ཆེན་དབུ་མཛད་དང་། ཚོགས་ཆེན་ཞལ་ངོ་རྣམ་པ་གཉིས། བླ་སྤྱིའི་ཕྱག་མཛོད། གྲྭ་ཚང་བྱེས་སྨད་ཀྱི་ཕྱག་མཛོད། རྒྱལ་སྲས་བླ་སྤྲུལ་ཁག། དབུ་ཆོས་རྣམ་གསུམ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་པ། བཀའ་ཟུར་དང་། སྤྱི་འཐུས་ལས་ཟུར། དགེ་འདུན་འདུས་མང་བཅས་དང་། ཁང་ཚན་ཁག་དང་། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དེ་ཡང་ཁང་ཚན་གྱི་བརྩི་བཞག་རྒན་ལྷ་རམས་པ་དགེ་བཤེས་ཡེ་ཤེས་རྒྱལ་མཚན་མཆོག་གིས་རྡོར་སློབ་མཛད་ཅིང་མཎྜལ་གྱི་ལྗགས་བཤད་ཞིབ་རྒྱས་དང་འབྲེལ་ཟབ་ལམ་བླ་མ་མཆོད་པ་བདེ་སྟོང་དབྱེར་མེད་གྱི་ཆོ་ག་དང་འབྲེལ་བའི་སྒོ་ནས་བརྟན་བཞུགས་གཟབ་རྒྱས་ཕུལ་བའི་སྐབས་ཀྱི་སྐུ་པར་ཁག།།

On 30th August, H.E. Ling Rinpoche was presented with a long life offering by Sera Jey Tehor Khangtsen, which was attended by the Abbots, ex-Abbots, Sangha, representatives of Sera Jey and Sera Mey monasteries and all the institutes of Sera Monastery with many dignitaries.

‹ News 2022