2022 News – Ling Rinpoche

2022 News

2022 News

December 30, 2022

H.E. Ling Rinpoche Attends Teachings with His Holiness the Dalai Lama in Bodh Gaya

࿑ གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལ་ོ། ༢༠༢༢ ཟླ་བ། ༡༢ ཚེས། ༢༩ ནས། ཕྱི་ལ་ོ། ༢༠༢༣ ཟླ་བ། ༠༡ ཚེས། ༡ བར་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། བྱང་ཆུབ་སེམས་འགྲེལ། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་དང་། བརྟན་བཞུགས་བཅས་ལ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བཅར་སྐབས་ཀྱི་སྐུ་པར།། On 29-31st December, H.E. Ling Rinpoche attended teachings with His Holiness … Read more

December 29, 2022

H.E. Ling Rinpoche Visits FPMT’s Root Institute in Bodh Gaya and Gives Brief Teaching

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༡༢ ཚེས། ༢༨ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་རྣམ་གཉིས་གནས་མཆོག་རྡོ་རྗེ་གདན་དུ་མཇལ་འཕྲད་མཛད་ཅིང་ཕན་ཚུན་དམ་པའི་ཆོས་ཀྱི་བཀའ་མཆིད་ལྷུག་པར་གྲོལ་སྐབས་སུ་སྒྲོན་པའི་སྐུ་པར།། On 29th December, H.E. Ling Rinpoche visited Lama Thubten Zopa Rinpoche at FPMT’s Root Institute in Bodh Gaya, Bihar. Rinpoche gave … Read more

December 25, 2022

Commemorating the Parinirvana of His Holiness the 6th Kyabjé Yongzin Ling Rinpoche

࿑ ༸གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུའི་ཡོངས་འཛིན་ཆེ་བ་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་པའི་དུས་ཚེས་ཉིན་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམ་ཐར་རྗེས་སུ་དྲན་པའི་སྒོ་ནས་དགོངས་རྫོགས་དུས་དྲན་བསྲུང་བརྩི་ཞུ།། 25th December commemorates the parinirvana of His Holiness the 6th Kyabjé Yongzin Ling Rinpoche, Principal Tutor to His Holiness the 14th Dalai Lama. We pay homage to the … Read more

December 22, 2022

H.E. Ling Rinpoche Welcomes His Holiness the Great 14th Dalai Lama to Bodh Gaya

࿑ ཕྱི་ལོ་༢༠༢༢ཟླ་བ་༡༢ཚེས་༢༢ཉིན་གནས་མཆོག་རྡོ་རྗེ་་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་་ཆིབས་བསྒྱུར་སྐབས་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕེབས་བསུར་བཅར་སྐབས་སུ་སྒྲོན་པའི་བརྙན་ཐུང་།། On 22nd December, H.E. Ling Rinpoche welcomed His Holiness the 14th Dalai Lama to Bodh Gaya, at Gaden Phelgyal Ling Monastery (Tibetan Temple), in advance of His Holiness’ … Read more

December 22, 2022

H.E. Ling Rinpoche Visits Mahabodhi Stupa in Bodh Gaya

࿑ ཕྱི་ལོ་༢༠༢༢ཟླ་བ་༡༢ཚེས་༢༣དང་། བོད་ཟླ་༡༠ གནམ་གང་ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་རིན་པོ་གནས་གཟིགས་སུ་ཕེབས་སྐབས་སུ་སྒྲོན་པའི་སྐུ་པར།། On 22nd December, H.E. Ling Rinpoche visited and paid respects at the Mahabodhi Stupa in Bodh Gaya, Bihar.

December 9, 2022

H.E. Ling Rinpoche Shares Message of Condolences and Prayers for Loss of Kyabjé Rizong Rinpoche

༄༅། །འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་༸སྐྱབས་རྗེ་རི་རྫོང་སྲས་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་འབྲས་སྤུངས་ཁྲི་ཟུར་བླ་བྲང་དུ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་སླད་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་མྱ་ངན་གུས་འདུད་དང་འབྲེལ་ད་ལན་༸སྐྱབས་རྗེ་རིན་པོ་ཆེ་མཆོག་སྐུ་གཤེགས་པ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཡང་བསྒོས་རི་བོ་དགེ་ལྡན་པའི་བསྟན་པར་གྱོང་གུན་ཆེན་པོ་བྱུང་བས་མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པ་དང་གོང་མའི་རྣམ་ཐར་བཟང་པོ་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲགས་དང་བཅས།ཕྱི་ལོ། ༢༠༢༢ ཟླ་བ། ༡༢ ཚེས། ༩ ཉིན་བཞུགས་སྒར་དྷ་ས་བླ་བྲང་ནས་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་མིང་པས།། I would like to extend my heartfelt condolences to all who are grieving the loss of our revered Teacher, Kyabje Rizong Rinpoche. … Read more

November 30, 2022

H.E. Ling Rinpoche Meets with Professor Kyabjé Samdhong Rinpoche at Yongzin Lingtsang Labrang

࿑ ཕྱི་ལོ་༢༠༢༢ ཟླ་བ་༡༡ ཚེས་༢༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་དྷ་ས་ཡོངས་འཛིན་གླིང་ཚང་བླ་བྲང་གི་གླིང་ཀའི་ནང་ལྷན་དུ་སྒྲོན་པའི་སྐུ་པར།། On November 30th, H.E. Ling Rinpoche received a visit from Professor Kyabjé Samdhong Rinpoche at Yongzin Lingtsang Labrang, in Dharamshala.