H.E. Ling Rinpoche Warmly Welcomed to Uttarkhan SFF Lakhanwala Tibetan Settlement – Ling Rinpoche

Latest News

February 22, 2026

Feb
22

࿑ ཕྱི་ལོ། ༢༠༢༦ ཕྱི་ཟླ། ༢ ཚེས། ༢༢ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྡེ་ར་སྡུན་ལ་ཁན་ཝ་ལ་ Lakhanwala གཞིས་ཆགས་སུ་ཆིབས་བསྒྱུར་སྐབས་བཀའ་ཟུར་སྐུ་ངོ་ཆོས་སྐྱོང་དབང་ཕྱུག་མཆོག་དང་། ས་གནས་སྐུ་ངོ་གཞིས་མགོ་མཆོག། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་མཆོག། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དད་ལྡན་མང་ཚོགས་རྣམ་པ། དེ་བཞིན་ལྷོ་ཁ་གོང་དཀར་ཆོས་སྡེའི་མཁན་བླ་དགེ་འདུན་གྱི་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུ་སྐབས། །

H.E. Ling Rinpoche arrived at Uttarkhan SFF Lakhanwala Tibetan Settlement, where he was warmly welcomed by the heads of the settlement, local leaders, monks, and residents. They offered traditional khatas and heartfelt greetings.

February 18, 2026

Feb
18

࿑ ཕྱི་ལོ་ ༢༠༢༦ ཟླ་ ༢ པའི་ཚེས་ ༡༧ ཉིན་དགུང་ཡོལ་ཙམ་ལ་སྐུའི་གཅུང་པོ་མངའ་རིས་༸སྐྱབས་མགོན་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། དམ་པ་གངཉིད་ནི་སྐུ་ཚེ་ཧྲིལ་བོར་༸རྒྱལ་བའི་དབུ་འོག་དཔུང་འདེགས་ཞུས་ཅིངསྐུ་ཚེའི་མཛད་པ་མཐར་སོན་ཅིང་ངོས་ཀྱང་དུས་རྒྱུན་དུ་བསྟར་ཆགས་ཀྱི་ཡང་ཡང་ཞལ་མཇལ་གྱི་སེམས་ཐག་ཉེ་བའི་ཚོར་བས་བཅིངས་རིན་པོ་ཆེ་མཆོག་གི་བསྟན་འགྲོའི་མགོན་དུ་་ཡང་སྲིད་འཁྲུལ་བྲལ་་མྱུར་དུ་བྱོན་ཏེ་བོད་བསྟན་སྲིད་སྤྱི་དང་། ཁྱད་པར་གང་གིས་སྐྱོང་ཡུལ་སྐྱེ་འགྲོ་རྣམས་ལ་ཕན་བདེའི་འོད་སྣང་སྤྲོས་ཏེ། གོང་མའི་རྣམ་ཐར་བཟང་པོ་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། ཡོངས་འཛིན་ཁྲི་ཆེན་གླིང་སྐྱེ་མིང་པས། །

Message from H.E. Ling Rinpoche:

On the eve of Losar, we received the profoundly sorrowful news that His Holiness the 14th Dalai Lama’s younger brother, Ngari Rinpoche (Tenzin Chögyal), has peacefully entered parinirvana.

At this time of deep grief, I wish to offer my personal condolences and heartfelt prayers to Rinpoche’s family, his close associates, and to all Tibetan and Himalayan people whose lives were touched by his presence. His passing is an immeasurable loss to the Tibetan people and to the wider spiritual community.

Ngari Rinpoche was unwaveringly devoted to His Holiness the Dalai Lama as a beloved brother and close friend, and he dedicated his life wholeheartedly to serving His Holiness.

On a personal level, Ngari Rinpoche and I were very close and he held a special place in my heart. I feel this loss deeply and I join everyone in mourning with profound sadness. I pray for his perfect reincarnation to swiftly return and continue his noble activities. May his enlightened legacy endure and flourish for the welfare and happiness of all sentient beings.

February 15, 2026

Feb
15

࿑ བོད་རྒྱལ་ལོ་༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་བཟང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་དང་། ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་ནད་མུག་འཁྲུག་རྩོད་དང་། རང་བྱུང་འབྱུང་བཞིའི་གནོད་འཚེ་སོགས་མྱུར་དུ་ཞི་ནས་འགྲོ་རྣམས་ཞི་བདེའི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་དང་བཅས། ། ཡོངས་འཛིན་གླིང་སྐྱེ་མིང་པས།

A New Year greeting from H.E. Ling Rinpoche:

Losar Tashi Delek! 

On this auspicious occasion of the Tibetan New Year, the Fire Horse Year 2153, I extend my heartfelt greetings and sincere prayers to each and every one of you. 

May this new year bless you with good health, long life, clear wisdom and an ever expanding heart of compassion. 

May this Tibetan and Lunar New Year be a source of blessings so that obstacles will be gently cleared from your path, favorable conditions naturally arise and may peace and harmony take root in your lives and throughout the world. 

May all virtuous actions prosper, may pure intentions swiftly bear beneficial results and may the sacred Dharma continue to radiate its light of the benefit of all beings. 

Above all, may His Holiness the Dalai Lama enjoy a long, healthy life and may his enlightened presence continue to guide the world with wisdom and compassion. 

With prayers,
Ling Rinpoche