H.E. Ling Rinpoche Grants Audience to Tibetan Institute of Dialectics Students from Vietnam – Ling Rinpoche

Latest News

April 30, 2025

Apr
30

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༥ ཚེས། ཉིན་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་ཁྱབ་ཁོངས་དྲྭ་ཐོག་འཛིན་གྲྭའི་སློབ་གཉེར་བ་འདི་ལོ་བསྡུས་གྲ་དང་། གྲུབ་མཐའ་སྐོར་ལ་སློབ་གཉེར་གནང་ཟིན་པ་ཝི་ཏི་ནམ་ནས་ཕེབས་པ་རྣམས་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་གཟིམ་ཆུང་དུ་མཇལ་བཅར་ཞུས་ཞིང་བཀའ་ཆོས་དང་། བླང་དོར་གྱི་བཀའ་སློབ་གསོལ་འདེབས་ཞུ་བཞིན་པའི་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche granted a special audience and gave teachings to students from Vietnam who have been studying online with the Tibetan Institute of Dialectics and were participating in the graduation ceremonies in Dharamsala.

April 12, 2025

Apr
12

࿑ ཕྱི་ལོ། ༢༠༢༥ ཟླ། ༤ ཚེས། ༡༣ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་སྐབས་ས་གནས་སྐུ་ངོ་གཞིས་མགོ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སོགས་ཚོགས་སྡེ་ཁག་གི་འགན་འཛིན་དང་། དད་ལྡན་སེར་སྐྱ་ཡོངས་ནས་ཕེབས་བསུ་སེར་སྦྲེང་གི་སྔོན་བསུས་ཏེ་བདག་ཅག་སྟོན་པ་ཐུབ་པའི་དབང་པོ་དང་། སངས་རྒྱས་འོད་དཔག་མེད་ཀྱི་ལྷ་ཁང་གསར་པ་དབུ་འབྱེད་དང་།།སྐུ་བརྙན་གསར་བཞེངས་ལ་ཁྲུས་གསོལ་དང་། རབ་གནས། དེ་བཞིན་མི་མང་ལ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། བཀའ་སློབ་བཀའ་དྲིན་སྩལ་སྐབས།

H.E. Ling Rinpoche consecrated the newly built 36-foot Buddha statue, bestowed a Long Life Initiation, and gave a teaching and talk to the people of Dalhousie, organized by the Phuntsok Ling Tibetan Settlement Office in Dalhousie, HP.

View reel highlights of the visit

April 9, 2025

Apr
09

࿑ ཕྱི་ལོ། ༢༠༢༥ ཟླ། ༤ ཚེས། ༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྩེར་སོན་རྣམས་ལ་གཟེངས་བསྟོད་འབུལ་བའིམཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་སྐབས་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་སློབ་སྤྱི་དང་། དཔེ་འཁྲིད་རྒན་ལགས་དང་། རང་གཞུང་ཆོས་རིག་དྲུང་ཆེ་མཆོག་དང་། རང་གཞུངཤེས་རིག་དྲུང་ཆེ་མཆོག། དེ་བཞིན་བཙུན་དགོན་འདུས་སྤྱི། བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་སློབ་སྟོན་པ་བཀའ་ཟུར་ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག་དང་། བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པའི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས་བཅས་ནས་ཕེབས་བསུ་གཟབ་རྒྱས་ཐོག་གཙུག་ལག་ཁང་དུ་གདན་ཞུས་ཀྱི་མཛད་སྒོ་སྲུང་བརྩི་དང་། ཕྱག་ཁྱེར་གསོལ་སྩལ། དེ་བཞིན་བླང་དོར་གྱི་བཀའ་སློབ་སྩལ་སྐབས།

H.E. Ling Rinpoche visited Dolma Ling Nunnery in Dharamsala as the Chief Guest for the annual certification ceremony, where he offered words of encouragement and gave a talk.

The event was attended by the Secretaries of the Departments of Religion and Culture and Education, former Kalon (Minister) Rinchen Khado, and Director Nangsa Chödrön of the Tibetan Nuns Project. Rinpoche was warmly received with a traditional welcome at the temple hall, where he gave a talk and awarded certificates to the top merit students, in the presence of the school’s principal and teachers.

View reel highlights of the visit.