H.E. Ling Rinpoche Concludes 2 Days of Teachings and Initiation at Tibetan Buddhist Society in Melbourne – Ling Rinpoche

Latest News

August 10, 2025

Aug
10

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༨ ཚེས། ༩ ནས་བཟུང་ཉིན་གྲངས་གཉིས་རིང་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་སྦན་(Melbourne)བོད་བརྒྱུད་ནང་བསྟན་ཆོས་ཚོགས་སུ་བྱང་ཆུབ་སེམས་ཀྱི་ཉམས་ལེན་བྱེད་ཚུལ་སྐོར། (The Pure Mind of Enlightenment) ཁམས་བདེ་བར་གཤེགས་པའི་སྙིང་པོའི་སྐོར།(Our Potential for Enlightenment)བཅོམ་ལྡན་འདས་བདེ་བར་གཤེགས་པ་སྨན་གྱི་ལྷ་མཆེད་བདུན་གྱི་རྗེས་གནང་སྩལ་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche concluded two days of teachings on Bodhichitta: The Pure Mind of Enlightenment and Buddha Potential: Our Potential for Enlightenment, and bestowed the Medicine Buddha initiation at the Tibetan Buddhist Society in Melbourne, Australia.

View video highlights from the visit.

August 6, 2025

Aug
06

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༨ ཚེས། ༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་བན་(MELBOURNE)རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་བསྒྱུར་སྐབས་བོད་ཀྱི་ནང་པའི་ཆོས་ཚོགས་དང་། སྒྲོལ་མའི་ཆོས་ཚོགས། ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན་དེ་བཞིན་དད་ལྡན་སེར་སྐྱ་རྣམས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཅིང་དེ་རྗེས་བོད་ཀྱི་ནང་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་གྱིས་གཙུག་ལག་ཁང་དུ་ཕེབས་བསུའི་མཛད་སྒོ་བསྲུང་བརྩི་ཞུ་སྐབས་བཅས་ཀྱི་སྐུ་པར། །

H.E. Ling Rinpoche was warmly greeted at Melbourne Airport by representatives and members of the Tibetan Buddhist Society, Tara Centre, and the Tibetan Community of Melbourne.

August 5, 2025

Aug
05

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༨ ཚེས། ༥ ཉིན་ཨོ་སི་ཁྲུ་ལི་ཡར་གནས་བཞུགས་ཏྲེ་ཧོར་སྐྱིད་སྡུག་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཏྲེ་ཧོར་མི་མང་གཙོ་བོར་གྱུར་པའི་དད་ལྡན་རྣམས་ལ་གཟུངས་སྔགས་འགའ་ཞིག་གི་ལྗགས་ལུང་དང་བླང་དོར་གྱི་བཀའ་སློབ་སྩལ་ཅིང་དེ་བཞིན་གཞས་སྣ་གཟིགས་འབུལ་ཞུས་པར་དགྱེས་གཟིགས་གནང་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche bestowed teachings and offered advice to the Tehor Kyiduk in Sydney, followed by cultural performances.