H.E. Ling Rinpoche Receives Grand and Warm Welcome to Bhutan from Royal Government Dignitaries, Abbot of Gaden Jangtse Monastery, Lamas and General Public    – Ling Rinpoche

Latest News

November 3, 2025

Nov
03

 ཕྱི་ལོ། ༢༠༢༥ཟླ་བ། ༡༡ ཚེས། ༣ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འབྲུག་རྒྱལ་སྤྱི་གནམ་ཐང་དུ་ཆིབས་བསྒྱུར་སྐབས་འབྲུག་གཞུང་གི་མཐུན་འབྲེལ་འགོ་དཔོན་གཙོ་འཛིན་ལྕམ་ཨུ་གེན་ཆོས་འཛོམས་དང་གཞུང་གི་གནད་ཡོད་མི་སྣ་ཁག། ཀ་ལུ་རིན་པོ་ཆེ། བྱང་རྩེ་ཐུབ་བསྟན་རིན་པོ་ཆེ་སོགས་གནམ་ཐང་དུ་ཕེབས་བསུའི་ཐོག་གནམ་ཐང་གི་ཆེས་མཐོའི་མི་སྣའི་བཞུགས་ཡུལ་གདན་ཞུས་མཛད། དེ་བཞིན་ས་གནས་བོད་རིགས་ཚོགས་གཙོས་དབུས་དགེ་འདུན་པ དང་། བཙུན་མ་ས་གནས་མི་མང་གཙོ་གྱུར་གྱི་ཡུལ་མི་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་ལག་ཏུ་དཀར་གཙང་མཇལ་དར་བསྣམས་ནས་ཕེབས་བསུ་གཟབ་རྒྱས་ཐོག་དབུ་གུར་དུ་གདན་ཞུས་ཀྱི་གཞས་སྣ་གཟིགས་འབུལ་ཞུས་པར་ཐུགས་དགྱེས་གཟིགས་མཛད། དེ་བཞིན་དད་ལྡན་རྣམས་ལ་མཇལ་ཁ་དང་ཕྱག་འདུད་སྩལ། ཐིམ་བུ་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས་དགའ་ལྡན་བྱང་རྩེའི་མཁན་རིན་པོ་ཆེས་དབུས་ས་གནས་ཀྱི་དཔོན་རིགས་དང་། གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུ་དང་མཎྜལ་སྐུ་གསུང་ཐུགསབརྟེན་འདེགས་འབུལ་ཞུ་སྐབས་ཀྱི་བརྙན་དཔར། །

H.E. Kyabjé Ling Rinpoche arrived in Bhutan and received a grand and warm welcome at Paro International Airport from Ms. Ugen Chozom, Chief Protocol Officer of the Royal Government of Bhutan, along with senior government officials, Kalu Rinpoche, and Thupten Rinpoche.

A grand reception was also offered by members of the Tibetan community and local residents of Paro.

Upon arrival in Thimphu, Rinpoche was warmly welcomed at the hotel by the Abbot of Gaden Jangtse Monastery, many dignitaries, and members of the general public.

Rinpoche is visiting Bhutan as a guest of the Royal Government of Bhutan to participate in the Global Peace Prayer and the 70th Birthday Celebrations of His Majesty the Fourth King of Bhutan.

November 2, 2025

Nov
02

࿑ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཤྲིར་ལངྐའི་ཡུལ་དུ་མཛད་འཆར།

༡༽ སྔ་ལོ་ཕྱི་ལོ་ ༢༠༢༤ ལོ་དྷ་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྲིད་ན་རྙེད་པར་དཀའ་བའི་སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་ཕུལ་བའི་བཀའ་དྲིན་རྗེས་དྲན་དང་། འདི་ལོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་གོ་སྟོན་སྲུང་བརྩིའི་སླད་དང་། མགོན་པོ་གང་ཉིད་བདག་སོགས་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་། བོད་རང་དབང་བདེན་པའི་ཉི་མ་མྱུར་དུ་འཆར་བའི་སླད་དུ་ཤྲཱི་ལངྐའི་ཡུལ་དུ་ནང་ཆོས་ཐོག་མར་སྲོལ་གཏོད་མཁན་ཆོས་ཀྱི་རྒྱལ་པོ་ཨ་ཤོ་ཀའི་རྡོ་རིང་གསར་བཞེངས་ཀྱི་མཐུན་འགྱུར་གསོལ་སྩལ་དང་། མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་དང་། སངས་རྒྱས་ཀྱི་རིང་བསྲེལ་མཇལ་ཞུ་དང་ཐུགས་སྨོན་མཛད།

༢༽ ཤྲཱི་ལངྐའི་ནང་དུ་ཆོས་བརྒྱུད་ཆེན་པོ་༼སི་ཡམ་ནི་ཀ་ཡ། ཨ་མར་པུ་ར་ནི་ཀ་ཡ། རཱམནྱ་ནི་ཀ་ཡ་བཅས་༽གསུམ་ཡོད་པ་ལས། ད་ལན་ཨ་མར་པུ་ར་ནི་ཀ་ཡའི་ཆོས་བརྒྱུད་ཀྱི་ཐོག་ནས་༼འཇིག་རྟེན་དོན་དུ་སློབ་དཔོན་ཆོས་ཀྱི་རྣམ་རྒྱན།༽LOKARTHACHARYA DHARMA VIBHUSHANA གཟེངས་བསྟོད་ཅེས་པ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་འབུལ་བཞེས་མཛད། གཟེངས་བསྟོད་འདི་བཞིན་ཆོས་བརྒྱུད་དེའི་ཐོག་ནས་དེ་སྔ་འབར་མའི་བླ་ཆེན་ཞིག་དང་། ཐ་ལཎ་ཌིའི་བླ་ཆེན་ཞིག་ལ་འབུལ་གནང་མཛད་འདུག། །ཐེག་པ་ཆེན་པོ་དང་། དེའི་ནང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་ལ་འབུལ་བ་ཐོག་མ་དེ་རེད་འདུག། །

༣༽ ཤྲིར་ལངྐའི་ནང་སེམས་བསྐྱེད་གླིང་ལེགས་སྦྱར་དང་པ་ལིའི་རིགས་གཞུང་སྤེལ་རེས་ལྟེ་གནས་ཁང་དུ་སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་གདན་ཞུ་དང་མཆོད་འབུལ་མཛད་སྒོའི་ཚོགས་མགོན་དུ་བཀའ་དྲིན་བསྐྱངས་པ་དང་དེ་བཞིན་༸གོང་ས་༸མཆོག་གི་བདེ་སྐྱིད་ཀྱི་ཉམས་ལེན་ཁང་ཞེས་པ་གསར་བསྐྲུན་གྱི་ས་གཞི་བྱིན་རླབས་དང་ས་རྡོ་རྨང་འཇོག་གནང་། དེ་བཞིན་༸གོང་ས་༸མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་པའི་སླད་ཕྱུགས་རིགས་ཚེ་ཐར་དང་། སློབ་ཕྲུག་གི་འཁོ་ཆས་སྦྱིན་གཏོང་གནང་བ་བཅས་ཀྱི་སྐུ་པར།།

H.E. Kyabjé Ling Rinpoche was honored with the rare and distinguished honorary title of Lokārthācārya Dharma Vibhūṣaṇa, meaning ‘Adornment of the Dharma, Teacher of Global Welfare’ by The Sri Sambuddha Sasanodaya Sangha Sabhawa, a chapter of the Amarapura Maha Nikaya—one of Sri Lanka’s principal Buddhist monastic orders. 

This prestigious honor is bestowed in recognition of Rinpoche’s exceptional contributions to the welfare of humanity and the promotion of the Buddha’s teachings.

The title has been awarded only twice before—to the most senior monks of Thailand and Myanmar—and now, for the first time, to a Mahayana and Tibetan Buddhist leader, acknowledging Rinpoche’s far-reaching and compassionate efforts in spreading the Buddha Dharma throughout the world.

November 2, 2025

Nov
02

࿑ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཤྲིར་ལངྐའི་ཡུལ་དུ་མཛད་འཆར།

༡༽ སྔ་ལོ་ཕྱི་ལོ་ ༢༠༢༤ ལོ་དྷ་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྲིད་ན་རྙེད་པར་དཀའ་བའི་སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་ཕུལ་བའི་བཀའ་དྲིན་རྗེས་དྲན་དང་། འདི་ལོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་གོ་སྟོན་སྲུང་བརྩིའི་སླད་དང་། མགོན་པོ་གང་ཉིད་བདག་སོགས་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་། བོད་རང་དབང་བདེན་པའི་ཉི་མ་མྱུར་དུ་འཆར་བའི་སླད་དུ་ཤྲཱི་ལངྐའི་ཡུལ་དུ་ནང་ཆོས་ཐོག་མར་སྲོལ་གཏོད་མཁན་ཆོས་ཀྱི་རྒྱལ་པོ་ཨ་ཤོ་ཀའི་རྡོ་རིང་གསར་བཞེངས་ཀྱི་མཐུན་འགྱུར་གསོལ་སྩལ་དང་། མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་དང་། སངས་རྒྱས་ཀྱི་རིང་བསྲེལ་མཇལ་ཞུ་དང་ཐུགས་སྨོན་མཛད།

༢༽ ཤྲཱི་ལངྐའི་ནང་དུ་ཆོས་བརྒྱུད་ཆེན་པོ་༼སི་ཡམ་ནི་ཀ་ཡ། ཨ་མར་པུ་ར་ནི་ཀ་ཡ། རཱམནྱ་ནི་ཀ་ཡ་བཅས་༽གསུམ་ཡོད་པ་ལས། ད་ལན་ཨ་མར་པུ་ར་ནི་ཀ་ཡའི་ཆོས་བརྒྱུད་ཀྱི་ཐོག་ནས་༼འཇིག་རྟེན་དོན་དུ་སློབ་དཔོན་ཆོས་ཀྱི་རྣམ་རྒྱན།༽LOKARTHACHARYA DHARMA VIBHUSHANA གཟེངས་བསྟོད་ཅེས་པ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་འབུལ་བཞེས་མཛད། གཟེངས་བསྟོད་འདི་བཞིན་ཆོས་བརྒྱུད་དེའི་ཐོག་ནས་དེ་སྔ་འབར་མའི་བླ་ཆེན་ཞིག་དང་། ཐ་ལཎ་ཌིའི་བླ་ཆེན་ཞིག་ལ་འབུལ་གནང་མཛད་འདུག། །ཐེག་པ་ཆེན་པོ་དང་། དེའི་ནང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་ལ་འབུལ་བ་ཐོག་མ་དེ་རེད་འདུག། །

༣༽ ཤྲིར་ལངྐའི་ནང་སེམས་བསྐྱེད་གླིང་ལེགས་སྦྱར་དང་པ་ལིའི་རིགས་གཞུང་སྤེལ་རེས་ལྟེ་གནས་ཁང་དུ་སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་གདན་ཞུ་དང་མཆོད་འབུལ་མཛད་སྒོའི་ཚོགས་མགོན་དུ་བཀའ་དྲིན་བསྐྱངས་པ་དང་དེ་བཞིན་༸གོང་ས་༸མཆོག་གི་བདེ་སྐྱིད་ཀྱི་ཉམས་ལེན་ཁང་ཞེས་པ་གསར་བསྐྲུན་གྱི་ས་གཞི་བྱིན་རླབས་དང་ས་རྡོ་རྨང་འཇོག་གནང་། དེ་བཞིན་༸གོང་ས་༸མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་པའི་སླད་ཕྱུགས་རིགས་ཚེ་ཐར་དང་། སློབ་ཕྲུག་གི་འཁོ་ཆས་སྦྱིན་གཏོང་གནང་བ་བཅས་ཀྱི་སྐུ་པར།།

H.E. Kyabjé Ling Rinpoche offered the first replica of the Ashokan Pillar in Waskaduwa, Sri Lanka to the people of Sri Lanka – dedicated to His Holiness the 14th Dalai Lama on the auspicious occasion of His 90th Birthday.

This offering pays heartfelt tribute to His Holiness’s extraordinary life and his boundless contributions to the preservation and flourishing of the Buddha Dharma. It also carries profound prayers for the freedom and well-being of the Tibetan people.

The offering further expresses deep gratitude for the generous and historic gesture of the Sri Lankan people, who offered the sacred Buddha’s bone relics to His Holiness the Dalai Lama in April 2024.

The unveiling ceremony of the commemorative plaque was graciously conducted by Rinpoche.