H.E. Ling Rinpoche Warmly Welcomed by Kyabjé Dagpo Rinpoche at Ganden Ling Institute in Venuex-Les Sablons – Ling Rinpoche

Latest News

July 24, 2024

Jul
24

࿑ ཕྱི་ལོ། ༢༠༢༤ ཟླ་བ། ༧ ཚེས། ༢༤ རེས་གཟའ་ལྷག་པའི་པའི་ཉིན་ཕ་རན་སི་དགའ་ལྡན་གླིང་དུ་༸སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུ་བཞིན་པའི་སྐུ་པར། །

H.E. Ling Rinpoche was warmly welcomed by Kyabjé Dagpo Rinpoche to Ganden Ling in Veneux-Les Sablons, France.

July 21, 2024

Jul
21

࿑ ཕྱི་ལོ། ༢༠༢༤ ཟླ་བ། ༧ ཚེས་ ༡༩ ནས་བཟུང་ཉིན་གྲངས་གསུམ་་རིང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཕ་རན་སི་ས་གནས་སུ་ཡོད་པའི་ཡུ་རུབ་ཁུལ་གྱི་སྔ་འགྱུར་རྙིང་མའི་དགོན་ཆེན་ལས་རབ་གླིང་དུ་སྔོན་འགྲོའི་བསྙེན་པ་གསོག་མཁན་རྣམས་ལ་ནང་ཆོས་ཤེས་པའི་ཐོག་ནས་ཉམས་ལེན་ཇི་ལྟར་བྱ་ཚུལ་སྐོར་ལ་དབྱིན་སྐད་ཐོག་བཀའ་སློབ་དང་། བཀའ་འདྲི་ཞུ་མཁན་རྣམས་ལ་བཀའ་ལན། དེ་བཞིན་བློ་ལྡོག་རྣམ་བཞི་ཉིན་རེ་འཚོ་བའི་ཁྲོད་ཤར་བསྒོམ་བྱ་ཚུལ། སྐྱབས་འགྲོ་དང་། དགེ་བསྙེན་གྱི་སྡོམ་པ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ། མན་པེ་ལེ་དང་། ནེམ་ཁུལ་དུ་ཡོད་པའི་བོད་རིགས་རྣམས་ལ་ཟུར་དུ་བཀའ་སློབ། “རིག་པ་ཡེ་ཤེས་”ཀྱི་བྱིས་པ་ཆུང་ཆུང་ཚོས་རང་མོས་ཀྱི་བཀའ་འདྲི་ཞུས་པར་དབྱིན་སྐད་ཐོག་བཀའ་ལན་སྩལ་སྐབས་ཀྱི་བརྙན་པར།

H.E. Ling Rinpoche gave 2 days of teachings on the 4 Thoughts Turning the Mind to Dharma and the Refuge and Lay Vows teaching and ceremonies at Lerab Ling – Rigpa in Roqueredonde, France.

July 16, 2024

Jul
16

࿑ ཕྱི་ལོ། ༢༠༢༤ ཟླ་བ། ༧ ཚེས་ ༡༧ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕ་རན་སི་སྔ་འགྱུར་རྙིང་མའི་དགོན་ལས་རབ་གླིང་དུ་ཆིབས་བསྒྱུར་སྐབས་དགེ་འདུན་པ་དང་། བཙུན་མ་རྣམས་ཀྱི་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཅིང་། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དད་ལྡན་སློབ་མ་རྣམས་ཀྱི་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུ་སྐབས་ཀྱི་བརྙན་པར།

H.E. Ling Rinpoche arrived to a warm welcome by the heads of the monastery, monks, nuns and students attending from around the world at Lerab Ling – Rigpa in Roqueredonde, France.

Facebook Reel