H.E. Ling Rinpoche Bestows Initiation & Gives Talk Emphasizing Tibetan Global Unity, at Tibetan Community in Sydney – Ling Rinpoche

Latest News

August 2, 2025

Aug
02

H.E. Ling Rinpoche conferred the Buddha Amitayus Long Life Initiation today and delivered an insightful discourse on preserving Tibet’s rich cultural heritage. He also emphasized the importance of unity among Tibetans across the global diaspora.

The event was hosted by the Tibetan Community in Sydney, and was attended by His Holiness the Dalai Lama’s representative in Australia and members of the local community.

View video highlights of the visit

August 1, 2025

Aug
01

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༨ ཚེས། ༡ ཉིན་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སི་ནིར་ཡོད་པའི་རིག་པ་(Rigpa)ཆོས་ཚོགས་སུ་ནང་ཆོས་ངོ་སྤྲོད་དང་།རྙོག་འཛིང་ཆེ་བའི་དུས་སུ་བྱམས་བརྩེའི་ཉམས་ལེན་བྱ་ཚུལ་སྐོར་ལ་བཀའ་སློབ་དང་བཀའ་འདྲི་ཞུ་མཁན་རྣམས་ལ་བཀའ་ལན་སྩལ་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche gave teachings on The Eight Verses of Mind Training, a public talk on an Open Heart During Tumultuous Times and a Q&A session at Rigpa-Australia’s national centre in Sydney.

July 31, 2025

Jul
31

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༧ ཚེས། ༣༡ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སི་ནི་ལར་ས་གནས་(SYDNEY)རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་བསྒྱུར་སྐབས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན་གྱི་དབུས་ཚོགས་པའི་རྒྱུན་ལས་རྣམ་པ། FPMT Vajirayana ཆོས་ཚོགས་ཀྱི་ཚོགས་གཙོས་དབུས་དགེ་བཤེས་ལགས་དང་། ལས་བྱེད་རྣམ་པ། རིག་པ་(RIGPA) ཆོས་ཚོགས་ཀྱི་ཚོགས་གཙོ་དང་། རྒྱུན་ལས་རྣམ་པ། ས་གནས་སུ་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་དང་གྲྭ་ཟུར་རྣམ་པ། དེ་བཞིན་དད་ལྡན་རྣམས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུ་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche arrived in Sydney and received a warm welcome at the airport from the Tibetan community, representatives of Dharma centers, Resident Teachers, and families from Drepung Loseling.