H.E. Ling Rinpoche Receives Warm Welcome Reception to Tehor Khangtsen at Sera Monastery – Ling Rinpoche

Latest News

September 12, 2025

Sep
12

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༩ ཚེས། ༡༢ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སེར་བྱེས་ཏྲེ་ཧོར་ཁང་ཚན་དུ་ཆིབས་བསྒྱུར་སྐབས་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བད་ེལེགས་མཆོག་དབུ་བཞུགས་ཀྱིས་ཁམས་ཚན་གྱི་བརྩི་བཞག་རྒན་མཆོག་དང་། སེར་བྱེས་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་ལགས། ཁམས་ཚན་རྒན་དང་དབུ་མཛད། རྒྱལ་སྲས་བླ་སྤྲུལ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། དགེ་འདུན་འདུས་པ་རྒྱ་མཚོ་དང་བཅས་པས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཐོག་ཁང་ཚན་གྱི་གཙུག་ལག་ཁང་དུ་ཕེབས་བསུའི་མཛད་སྒོ་དང་། སྔོན་བྱུང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་རྣམ་པར་ཐར་པ་ཉམས་ལེན་ལེན་དང་། ཐོས་པའི་དོན་རྣམས་ཉམས་ལེན་གྱི་གནད་ལ་སྦྱར་དགོས་པ་གསུངས་ཞིང་དེ་བཞིན་རྒྱལ་མཆོག་ཕྱག་ན་པདྨོའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་སླད་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་དགོས་ཚུལ་སོགས་ཀྱི་སྐོར་ལ་བཀའ་སློབ་སྩལ་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche was offered a warm reception to Sera Jey Monastery’s Tehor Khangtsen, where Rinpoche gave a talk to the Sangha gathering.

September 11, 2025

Sep
11

༈ སེ་ར་ཐེག་ཆེན་གླིང་གི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༡ བོད་ཟླ་ ༧ ཚེས་༡༩ ཉིན་གདན་ས་ཆེན་པོ་སེ་ར་བླ་སྤྱིའི་ཚོགས་ཆེན་ནང་དུ་ཞྭ་སེར་བསྟན་པའི་མཛེས་རྒྱན་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། འཇམ་མགོན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་སྐུ་སྒེར་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག། སེར་བྱེས་མཁན་རིན་པོ་ཆེ་མཆོག་དང་སེར་སྨད་མཁན་ཚབ་མཆོག། སེར་བྱེས་མཁན་ཟུར་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་ཚབ། རྫོང་དཀར་ཆོས་སྡེ་ཡི་མཁན་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་གྲྭ་ཚང་བྱེས་སྨད་གཉིས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་འདུས་ཚོགས་དམངས་དང་། སྦེལ་ཀོབ་དགོན་སྡེ་ཁག་གི་ཕྱག་མཛོད་རྣམས་པ་ས་གནས་མགོ་འཛིན་རྣམས་པ་གྲོང་སྡེ་ཁག་གི་རྒྱ་དཔོན་རྣམས་པ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམས་པ་དང་མི་དམངས་ཡོངས་ནས་༧སྐུའི་གོ་སྟོན་སྲུང་བརྩི་གནང་བཞིན་པའི་བརྙན་པར།

H.E. Ling Rinpoche led the noble monastic communities of Sera Jey and Sera Mey at Thekchenling Monastery yesterday in performing a grand oath-taking ceremony devoted to honoring the 90th Birthday of the Supreme Spiritual Guide His Holiness the Great 14th Dalai Lama of Tibet, with the deepest reverence, unwavering commitment, and fervent prayers for His Holiness’ long life and perfect health.

May these pure aspirations spontaneously and perfectly accomplish all noble aims for the welfare of all sentient beings.

September 10, 2025

Sep
10

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༩ ཚེས། ༡༠ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཡོད་པའི་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་གྱིས་རབ་གནས་དང་། ས་གནས་གཞིས་མགོ་མཆོག་ནས་ཕོ་བྲང་གསར་བཞེངས་སྐོར་ལོ་རྒྱུས་བྱུང་རིམ་ཁག་ཅིག་སྙན་སྒྲོན་ཞུས། དེ་བཞིན་གཞིས་ཆགས་ལས་ཁུངས་ཀྱི་སྡེ་ཚན་ཁག་ལ་རབ་གནས་བཀའ་དྲིན་ཆེ་སྩོལ་དང་། མཉམ་སྦྲེལ་ལས་ཁུངས་དང་། མཉམ་སྦྲེལ་ནས་བཟོ་སྐྲུན་ཞུས་པའི་གཟིམ་སྤོས་ཁག་ཅིག་དབུ་འབྱེད། ས་གནས་བྱིས་པའི་རྩེད་རིགས་ལྡུམ་ར་སྒོ་དབྱེ་དང་མ་འོངས་བོད་ཀྱི་སོན་རྩ་སློབ་ཆུང་སློབ་མ་དང་ལྷན་དུ་སྐུ་པར་སྒྲོན་འབུལ་ཞུ་སྐབས།

H.E. Ling Rinpoche visited Dekyi Larso Tibetan Settlement, where he performed a Rabné blessing at His Holiness the Dalai Lama’s palace, blessed the Settlement Office, inaugurated the kindergarten school playground, and launched the new incense products of the Tibetan Cooperative Society.