2022 Archive

October 2022

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༡༠ ཚེས། ༢ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སིང་གྷ་པོར་མཧཱ་ཏཱ་རའི་ཆོས་ཚོགས་སུ་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བཅས་བཀའ་དྲིན་ཆེ་སྩོལ་བཅས་ཉིན་གྲངས་གསུམ་གྱི་བཀའ་ཆོས་ལེགས་པར་གྲུབ་པའི་སྐབས་ཀྱི་བརྙན་ཐུང་།

On 2nd October, H.E. Ling Rinpoche concluded the 3-day teaching event in Singapore with the Buddha Amitayus Long Life Initiation, organized by Maha Tare Buddhist Centre.


September 2022

ཕྱི་ལོ། ༢༠༢༢ ཟླ་བ། ༩ ཚེས། ༣༠ ནས་ཉིན་གྲངས་གསུམ་རིང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སིང་གྷ་པོར་མཧཱ་ཏཱ་རའི་ཆོས་ཚོགས་སུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་དང་། དབུལ་ཞིང་ཕོངས་པ་སེལ་བའི་ནོར་ལྷའི་རྒྱལ་པོ་ཨརྱ་ཛམ་བྷ་ལྷ་དང་། སྙིགས་མའི་དུས་འདིར་སེམས་ཅན་ནད་དང་སྔུག་བསྔལ་ལས་སྐྱོབ་པར་མཛད་པའི་ཐུགས་རྗེའི་སྨོན་ལམ་གྱི་སྟོབས་དང་ལྡན་པ་བཅོམ་ལྡན་འདས་བདེ་བར་གཤེགས་པ་སྨན་གྱི་བླ་མཆེད་བདུན། དེ་བཞིན་ཚེའི་ལྷ་མཆོག་ཁྱད་པར་ཅན་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བཅས་བཀའ་དྲིན་ཆེ་སྩོལ་སྐབས་ཀྱི་སྐུ་པར།

On September 30th, H.E. Ling Rinpoche commenced the 3-day teaching event in Singapore organized by Maha Tare Buddhist Centre. During the first 2 days, Rinpoche bestowed the Dzambhala initiation, Medicine Buddha initiation and taught on the Three Principal Paths to Enlightenment.


ཕྱི་ལོ། ༢༠༢༢ ཟླ་བ། ༩ ཚེས། ༢༨ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིང་གྷ་པོར་འོད་དཔག་མེད་ཆོས་ཚོགས་སུ་ཆིབས་བསྒྱུར་གྱིས་ལྗགས་ལུང་དང། བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།

On 28th September, H.E. Ling Rinpoche visited FPMT's Amitabha Buddhist Centre, where he gave a talk and bestowed the Oral Transmission of The Praises to 21 Taras.


ཕྱི་ལོ། ༢༠༢༢ ཟླ་བ། ༩ ཚེས། ༢༧ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིང་གྷ་པོར་འགྲོ་ཕན་གླིང་ཆོས་ཚོགས་སུ་ཆིབས་བསྒྱུར་གྱིས་རབ་གནས་དང། བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།

On 27th September, H.E. Ling Rinpoche was warmly welcomed to Gaden Shartse Dro-Phen Ling Centre, where Rinpoche gave a talk and blessings to the center's members.


ཕྱི་ལོ། ༢༠༢༢ ཟླ་བ། ༩ ཚེས། ༢༦ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིང་གྷ་པོར་མཧ་ཏཱ་རའི་ཆོས་ཚོགས་སུ་ཆིབས་བསྒྱུར་གྱིས་རབ་གནས་དང། བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།

On 26th September, H.E. Ling Rinpoche was warmly welcomed by Geshe Lama Konchok and the Dharma friends of Maha Tare Buddhist Centre, where a Long Life Offering was performed after which Rinpoche gave a talk and blessings for all present.


࿑ འཁོན་རིགས་བསྟན་པའི་གཙུག་རྒྱན་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་སྐུ་ཚེ་ཞབས་པད་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་སྨོན་འདུན་ཞུ།

H.E. Ling Rinpoche wishes a very Happy Birthday and a long and healthy life to Kyabgon Gongma Trichen Rinpoche! Photos taken on 27th May 2022 in Dharamsala.


༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིང་གྷ་པོར་ཆིབས་བསྒྱུར་སྐབས་ཕྱི་ལོ། ༢༠༢༢ ཟླ་བ། ༩ ཚེས། ༢༥ ཉིན་སིང་གྷ་པོར་རྒྱལ་སྤྱིའི་གནམ་ཐང་དུ་མཧཱ་ཏ་རའི་ཆོས་ཚོགས་ཀྱི་དགེ་བཤེས་ལགས་ཀྱི་གཙོས་ཆོས་ཚོགས་ཀྱི་་ཚོགས་མི་རྣམས་དང་། དེ་བཞིན་འགྲོ་ཕན་གླིང་དང་། སེར་བྱེས་ཆོས་ཚོགསསོགས་གཙོ་གྱུར་གྱི་ས་གནས་སུ་ཡོད་པའི་དགེ་འདུན་པ་དང་དད་ལྡན་སློབ་ཚོགས་རྣམས་ཀྱི་ཕེབས་བསུའི་གཟབ་རྒྱས་ཞུ་སྐབས་ཀྱི་སྐུ་པར།

On 25th September, H.E. Ling Rinpoche was very warmly welcomed at Singapore’s Changi Airport, by representatives and students from local Dharma centers.


On 16th of September, H.E. Ling Rinpoche gave an audience and advice to a group visiting from Vietnam, at his residence in Dharamsala.


༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དྷ་ས་ཡོངས་འཛིན་གླིང་ཚང་བླ་བྲང་དུ་ཝི་ཏི་ནམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་དགེ་སློང་དང་། རབ་བྱུང་རྣམས་ལ་མཇལ་ཁ་དང་བླང་དོར་གྱི་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར། ༢༠༢༢/༩/༡༥ ཉིན།

On 15th September, H.E. Ling Rinpoche gave an audience and advice to a group of Bhikshus and Bhikkhunis visiting from Vietnam, at his residence in Dharamsala.


On 14th September, H.E. Ling Rinpoche gave an audience and advice to a group of students visiting from Malaysia, at his residence in Dharamsala.



For more recent news, go to Facebook