2022 Archive

August 2022

ཕྱི་ལོ། ༢༠༢༢ ཟླ་བ། ༨ ཚེས། ༢༧ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་་ཆིབས་བསྒྱུར་སྐབས་་༸འཇམ་མགོན་བསྟན་པའི་གསལ་་བྱེད་བྱང་རྩེ་ཆོས་རྗེ་༸སྐྱབས་རྗེ་སྒོ་སོག་རིན་པོ་རྗེ་བཙུན་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་རྒྱ་མཚོ་དཔལ་བཟང་པོ་མཆོག་མཇལ་བཅར་སྐབས་ཀྱི་སྐུ་པར།

On 27th August, H.E. Ling Rinpoche had an audience with Kyabjé Jangste Choeje Rinpoche during Rinpoche’s visit to Sera Monastery.


࿑ ཕྱི་་ལོ། ༢༠༢༢ ཟླ་བ། ༨ ཚེས། ༢༧ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་་ཆིབས་བསྒྱུར་སྐབས་༸འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་མཇལ་བཅར་སྐབས་ཀྱི་སྐུ་པར།

On 27th August, H.E. Ling Rinpoche had an audience with the Spiritual Leader of the Gelug tradition, the 104th Kyabjé Gaden Tri Rinpoche during Rinpoche’s visit to Sera Monastery.



༈ ཕྱི་ལོ། ༢༠༢༢ ཟླ་བ། ༨ ཚེས། ༢༧ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སེར་བྱེས་ཏྲེ་ཧོར་ཁམས་ཚན་ནས་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བསྟན་སྲུངས་ཆེན་མོ་བྱ་ཁྲི་སྤྱན་གཅིག་འམ་ཀརྨ་ཤག་གི་དུས་ཆེན་ལ་ཚོགས་ཕེབས་མཛད་བཞིན་པའི་སྐབས་ཀྱི་སྐུ་པར།

On 27th August, H.E. Ling Rinpoche presided over the annual Karma Thinley protector puja on two occasions at Sera Lachi Monastery.


༈ ཕྱི་ལོ། ༢༠༢༢ ཟླ་བ། ༨ ཚེས། ༢༧ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སེར་བྱེས་ཏྲེ་ཧོར་ཁམས་ཚན་ནས་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བསྟན་སྲུངས་ཆེན་མོ་བྱ་ཁྲི་སྤྱན་གཅིག་འམ་ཀརྨ་ཤག་གི་དུས་ཆེན་ལ་ཚོགས་ཕེབས་མཛད་བཞིན་པའི་སྐབས་ཀྱི་སྐུ་པར།

On 27th August, H.E. Ling Rinpoche visited and paid his respects at Sera Jey Monastery, where Rinpoche was warmly welcomed by the monastery's abbots and leaders.


࿑ སེར་བྱེས་ཏྲེ་ཧོར་ཁམས་ཚན་ནས་དུས་ཡུན་རིང་པོའི་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཕྱི་ལོ། ༢༠༢༢ ཟླ་བ། ༨ ཚེས། ༢༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཁམས་ཚན་གྱི་གཙུག་ལག་ཁང་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ་སྐབས་ཀྱི་སྐུ་པར།

On 26th August, H.E. Ling Rinpoche gave teachings on the Three Principal Aspects of the Path at Sera Jey Tehor Khangtsen.


࿑ ཕྱི་ལོ། ༢༠༢༢ ཟླ་བ། ༨ ཚེས། ༢༦ ཉིན་༸ སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ས་ཆེན་པོ་སེ་ར་བླ་སྤྱིའི་གཟིམ་ཆུང་ནས་སེར་བྱེས་ཏྲེ་ཧོར་ཁམས་ཚན་དུ་ཆིབས་བསྒྱུར་སྐབས། སེ་རྭ་བླ་སྤྱིའི་ཚོགས་ཆེན་ཆེ་མོ་མཆོག་དང་། ཚོགས་ཆེན་ཞལ་ངོ་། ཁམས་ཚན་གྱི་བརྩི་བཞག་རྒན་དང་། དབུ་མཛད་ཆེན་མོ། ཁམས་ཚན་གྱི་རྒྱལ་སྲས་བླ་སྤྲུལ་རྣམ་པ་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། ཁམས་ཚན་སྤྱི་རྒན། ཁམས་ཚན་རྒན། ཁམས་ཚན་ཆབས་རིལ། དེ་བཞིན་དགེ་འདུན་འདུས་པ་རྒྱ་མཚོས་བཅས་ནས་ཕེབས་བསུ་སེར་སྦྲེང་དང་སྤོས་སྣེས་སྔོན་བསུས་ཏེ་ཁམས་ཚན་གྱི་གཙུག་ལག་ཁང་དུ་ཕེབས་སྟོན་མཛད་སྒོ་ཞུ་སྐབས་ཀྱི་སྐུ་པར།

On the morning of 26th August, H.E. Ling Rinpoche was very warmly welcomed with a grand traditional ceremony by Sera Jey Tehor Khangtsen at the Bylakuppe Settlement in South India.


On 25th August, H.E. Ling Rinpoche visited and paid his respects at Sera Mey Monastery, where Rinpoche was warmly welcomed by the monastery's abbots and leaders.


࿑ ཕྱི་ལོ། ༢༠༢༢ ཟླ་བ། ༨ ཚེས། ༢༤ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་སྐབས་གྲྭ་ཚང་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་དང་སྲད་བརྒྱུད་་མཁན་རིན་པོ་ཆེས་དབུས་ལས་སྣེ་དང་དགེ་འདུན་པ་རྣམ་པ། སྦེལ་ཀོབ་གཞིས་ཆགས་ཀྱི་གཞིས་མགོས་གཙོས་ས་གནས་གཞོན་ནུ་དང་། བུད་མེད་ཚོགས་པ་བཅས་ནས་ཕེབས་བསུ་སེར་སྦྲེངས་གིས་སྔོན་བསུས་ཏེ་སེ་ར་བླ་སྤྱིའི་གཙུག་ལག་ཁང་དུ་གདན་འདྲེན་ཞུ་བཞིན་པའི་སྐབས་ཀྱི་སྐུ་པར།

On the morning of 24th August, H.E. Ling Rinpoche was very warmly welcomed with a great traditional ceremony by the Abbots of Sera Mey and Sera Jey, representatives of Bylakuppe Tibetan Settlement, and other dignitaries of Sera Monastery, in Bylakuppe, South India.


मेरे प्रिय भारतीय भाइयों एवं बहिनों।आपको आजादी की 75वीं वर्षगाँठ की हार्दिक शुभकामनाएं।आपका जीवन सुखद एवं समृद्ध रहे। भिक्षु लिंग रिंपोछे

His Eminence Ling Rinpoche extends good wishes to all the citizens of India on its 75th Independence Day. May this blessed year bring further peace and prosperity to India in achieving its goals.


࿑ ཕྱི་ལོ། ༢༠༢༢ ཟླ་བ། ༨ ཚེས། ༣ ཉིན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་མཁན་རིན་པོ་ཆེ་རྒྱ་འབུམ་སྤྲུལ་སྐུ་མཆོག་དང་། དེ་བཞིན་དགོན་པའི་བླ་མ་སློབ་དཔོན་མཆོག། དབུ་མཛད། དགེ་བསྐོས། ཕྱག་མཛོད་བཅས་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་སྐབས་མགོན་པོ་གང་ཉིད་ནས་འདི་གར་རྟ་དབང་དགོན་དུ་བཀའ་ཆོས་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་དང་། འབྱུང་འགྱུར་མགོན་པོ་གང་ཉིད་རྟ་དབང་དགོན་པར་ཡང་ནས་ཡང་དུ་ཞབས་སོར་འཁོད་གནང་ཡོང་བ་དང་། ཟབ་རྒྱས་ཆོས་ཀྱི་བདུད་རྩི་སྩོལ་གནང་ཡོང་བ་་ཞེས་སྙན་སེང་ཞུས་ཅིང་། མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དགོན་པའི་བསླབ་པ་སློབ་གཉེར་སོགས་གང་ཐད་ནས་མངགས་པའི་འོས་སུ་གྱུར་པས་མུ་འཐུད་ནས་འབད་བརྩོན་གནང་དགོས་པའི་སྐོར་ལ་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།

On 3rd August, H.E. Ling Rinpoche met with the Abbot of Tawang Monastery, Junior Abbot, Chant Master, Disciplinarian and Administrator, for a special audience. They thanked Rinpoche for giving teachings for so many people in Tawang, requested Rinpoche to return again and again in the future, and sought Rinpoche’s advice for their monastery.



For more recent news, go to Facebook