Latest News

May 2024

࿑ ཨ་རིའི་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་ཏྲེ་ཧོར་སྐྱིད་སྡུག་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བོད་རིགས་གཙོ་བོར་གྱུར་པའི་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་དད་ལྡན་རྣམས་ལ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། མི་དམངས་ལ་བཀའ་སློབ་བཀའ་དྲིན་ཆེ་སྩལ་སྐབས་ཀྱི་བརྙན་པར། ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༥ ཚེས། ༡༨ ཉིན། །

On May 18th, H.E. Ling Rinpoche bestowed the Buddha Amitayus initiation (Tsewang) and gave advice to thousands of Tibetan people in Minnesota, with a Tsog Offering and prayers on the occasion of Saka Dawa. In the morning, Rinpoche visited the Tibetan Saturday Culture School where he met with and gave a talk to the students and teachers. Visit organized by the Tibetan Foundation of Minnesota and Trehor Kyiduk Minnesota


࿑ ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༥ ཚེས། ༡༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཨ་རིའི་མི་ཌི་སིན་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཚོགས་ཁང་ཕུན་ཚོགས་དར་རྒྱས་གླིང་དུ་ཆིབས་བསྒྱུར་སྐབས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཅིང་། རབ་གནས་དང་། ་མི་མང་ལ་བཀའ་སློབ་བཀའ་སློབ་བཀའ་དྲིན་ཆེ་སྩལ། གཞས་སྣ་གཟིགས་འབུལ་ཞུ་སྐབས་བཅས་ཀྱི་བརྙན་པར། །ཕྱི་ལོ། ༢༠༢༤ཟླ་བ། ༥ ཚེས། ༡༥ ཉིན། །

On 15th May, H.E. Ling Rinpoche gave a talk for the Tibetan community's Wisconsin Tibetan Association in Oregon, Wisconsin and blessed their community hall, where the children and community members offered a cultural performance for Rinpoche.


࿑ ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༥ ཚེས། ༡༤ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཨ་རིའི་ཆི་ཀ་གོ་(Chicago)བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བོད་རིགས་གཙོ་བོར་གྱུར་པའི་སོག་རིགས་དང་། ཝི་ཏི་ནམ། དེ་བཞིན་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་དད་ལྡན་རྣམས་ལ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། མི་དམངས་ལ་བཀའ་སློབ་བཀའ་དྲིན་ཆེ་སྩལ། དེ་བཞིན་གཞོན་སྐྱེས་རྣམས་ཀྱི་ཞབས་གཞས་གཟིགས་འབུལ་ཞུ་སྐབས་བཅས་ཀྱི་བརྙན་པར། །

On May 14th, H.E. Ling Rinpoche gave a talk and advice with a Buddha Amitayus Long Life initiation (Tsewang) for the Tibetan community's Tibetan Alliance of Chicago in Chicago, Illinois and enjoyed a cultural performance by the Tibetan students and children.


࿑ ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༥ ཚེས། ༡༡ ནས་བཟུང་ཉིན་གྲངས་གཉིས་རིང་
༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨ་རིའི(Madison Wisconsin) ཝི་སི་ཀོན་སན་མངའ་སྡེའི་ཁོངས་སུ་ཡོད་པའི་(Deer Park) རི་དྭགས་དགའ་ཚལ་གླིང་དགོན་པར་
ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་དང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། མི་དམངས་ལ་བཀའ་སློབ་སྩལ་སྐབས་བཅས་ཀྱི་བརྙན་པར། །

On 11-12th May, H.E. Ling Rinpoche gave two days of teachings on The Three Principal Aspects of the Path and conferred the Buddha Amitayus Long Life Initiation at Deer Park Buddhist Center & Monastery in Madison, Wisconsin.


࿑ ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༥ ཚེས། ༨ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨ་རིའི་བྱང་ཕྱོགས་ཁེ་ར་ལོ་ན་FPMT བཀའ་གདམས་པའི་ཆོས་ཚོགས་སུ་བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་བསྡུས་པ་ཡོན་ཏན་གཞི་གྱུར་མའི་བཀའ་འཁྲིད་དང་། སྨན་བླ་མཆེད་བདུན་གྱི་རྗེས་གནང་སྩལ་སྐབས་བཅས་ཀྱི་བརྙན་པར།

On 8th May, H.E. Ling Rinpoche gave a teaching on The Foundation of All Good Qualities and bestowed the Medicine Buddha Initiation at Kadampa Center - FPMT in Raleigh, North Carolina.


On 4 - 5th May, H.E. Ling Rinpoche gave two days of teachings on Jowo Atisha's Bodhisattva's Jewel Garland and bestowed the White Tara Long Life Initiation and its commentary in Fairfax, Virginia, hosted by the Mahayana Sutra and Tantra Center of Washington D.C., Guhyasamaja Center - FPMT and Partners for Tibetan Education.


On 4th May, H.E. Ling Rinpoche visited and blessed the Capital Area Tibetan Association's Community Center in the Washington D.C. area and gave a talk with advice to the community members.


On 1st May, H.E. Ling Rinpoche visited the International Campaign for Tibet in Washington D.C. where he gave a talk and Q&A session on current issues in Tibet, and met with many important government and non-government representatives including Michael Shiffler - Assistant Administrator USAID, Alison Bartel - Special Advisor to US Special Coordinator for Tibetan Issues, Tina Mufford - Acting Deputy, US Commission on International Religious Freedom, other Congressional Members, the Representative of His Holiness the Dalai Lama, and the President of ICT, organized by the International Campaign for Tibet in Washington D.C.


April 2024

࿑ ཕྱི་ལོ། ༢༠༢༤ ཟླ་བ་ ༤ ཚེས་ ༣༠ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་འབྱོར་སྐབས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་མཆོག་དང་། ཆོས་ཚོགས་ཁག་གི་འགན་འཛིན། ས་གནས་མི་མང་ནས་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་ཞུས་ཅིང་། ཟླ་བ་༥ ཚེས་ ༡ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཆིབས་བསྒྱུར་གྱི་རབ་གནས་དང་། ལས་བྱེད་རྣམས་ལ་བཀའ་སློབ་བཀའ་དྲིན་ཆེ་སྩལ་མཛད་ཅིང་། སྐུ་ཚབ་དོན་གཅོད་མཆོག་གིས་ད་ལྟའི་འཆར་ཨ་རིའི་ནང་གི་བོད་དོན་དང་འབྲེལ་བའི་སྐོར་སྙན་སེང་ཞུ་སྐབས་བཅས་ཀྱི་བརྙན་པར། །

On April 30th, H.E. Ling Rinpoche was warmly welcomed at the airport in Washington DC by the Representative of His Holiness the Dalai Lama and local hosts and organizers.

Then on May 1st, Rinpoche visited the Office of Tibet where he blessed the premises and met with the Representative of His Holiness the Dalai Lama Namgyal Choedup and staff members.


࿑ གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་གཙོ་བོར་གྱུར་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཡོངས་ལ་འཚམས་འདྲི་དང་བོད་ཀྱི་ཡིག་གཟུགས་ཉིན་མོ་བསྲུང་བརྩི་ཞུ། །

On 30th April, H.E. Ling Rinpoche sends warmest greetings in the celebration of Tibetan Calligraphy Day, to all Tibetans within and outside Tibet and across the Himalayan region.



For more recent news, go to Facebook