Latest News

April 2024

࿑ ཕྱི་ལོ། ༢༠༢༤ཟླ་བ། ༤ ཚེས། ༡༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨ་རིའི་ནིའུ་འཇར་སི་བོད་ཀྱི་ཆོས་ཚོགས་སུ་བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་བསྡུས་པ་ཡོན་ཏན་གཞི་གྱུར་མའི་བཀའ་ཁྲིད་དང་། རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་སྐབས་ཀྱི་སྐུ་པར། །

On 16th April, H.E. Ling Rinpoche taught on The Foundation of All Good Qualities and gave the Oral Transmission of Lama Tsongkhapa's In Praise of Dependent Arising, in South Orange New Jersey, hosted by The Tibet Center.



࿑ ཕྱི་ལོ། ༢༠༢༤ཟླ་བ། ༤ ཚེས། ༡༡ ནས་བཟུང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དད་ལྡན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། སངས་རྒྱས་ཆོས་ཚོགས་མའི་དོན་འགྲེལ་བཅས་སྩལ་ཅིང་། དེ་བཞིན་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་ཚོགས་པའིཚོགས་ཁང་དུ་ ༸གོང་ས་༧སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བོད་ལུགས་ལྟར་ན་དགུང་གྲངས་ ༩༠ ལ་ཕེབས་པའི་དུས་ཚེས་དང་བསྟུན་ནས་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སླད་ཞབས་རིམ་གསོག་སྒྲུབ་སྐབས་དབུ་བཞུགས་སུ་ཆིབས་བསྒྱུར་བསྐྱངས། དེ་རྗེས་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། དགོང་དྲོའི་གསོལ་སྟོན། འཇམ་དབྱངས་བསྟོད་པ་གང་བློ་མའི་བཀའ་ཁྲིད་དང་། བཀའ་འདྲི་ཞུ་མཁན་ཁག་ལ་བཀའ་ལན། བཅོམ་ལྡན་འདས་སྨན་གྱི་བླ་མཆེད་བདུན་གྱི་རྗེས་གནང་བཀའ་དྲིན་ཆེ་སྩོལ་སྩལ་སྐབས་ཀྱི་སྐུ་པར། །

On April 13 - 14th, H.E. Ling Rinpoche led a Long Life Prayer Service for His Holiness the 14th Dalai Lama, gave teachings and commentary on Praise to Manjushri and bestowed the Buddha Amitayus Long Life initiation and Medicine Buddha initiation in New York City, hosted by The Tibetan Community of New York & New Jersey.


࿑ ཕྱི་ལོ། ༢༠༢༤ཟླ་བ། ༤ ཚེས། ༡༢ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་FPMTཞི་བ་ལྷའིཆོས་ཚོགས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་དང་། ཤེས་རབ་སྙིང་པོའི་བཀའ་ཆོས་སྩལ་སྐབས་ཀྱི་སྐུ་པར། །

On 12 April, H.E. Ling Rinpoche gave teachings and oral transmission on the Heart Sutra and bestowed the Bodhisattva Vows with a commentary at Shantideva Center - FPMT in Brooklyn, New York City.


࿑ ཕྱི་ལོ། ༢༠༢༤ཟླ་བ། ༤ ཚེས། ༩ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཆིབས་བསྒྱུར་སྐབས་གནམ་ཐང་དུ་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་སོགས་ཀྱི་གཙོས་ཆོས་ཚོགས་ཁག་དང་། ཚོགས་སྡེ་ཁག་གི་ལས་བྱེད་དང་། ས་གནས་མི་མང་རྣམས་ཀྱི་སྤྲོ་སེམས་ཁོལ་བའི་ངང་ཕེབས་བསུ་སྣེ་ལེན་ཞུ་སྐབས་ཀྱི་བརྙན་པར། །

On April 9th, H.E. Ling Rinpoche arrived in New York City where he was warmly welcomed by the Tibetan Community of New York & New Jersey's President, Vice President and members plus representatives from local Buddhist centers and organizations, and members of the public.


Photo Courtesy: Office of His Holiness the Dalai Lama

࿑ སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་རིང་བསྲེལ་འཁྲུལ་མེད་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་འབུལ་སྐབས། སིང་ངྒ་ལའི་ཌོག་ཊར་ཝ་སི་ཌོ་ཝེ་མ་ཧིནྡྷ་ཝན་ས་མཧཱ་ན་ཡ་ཀེ་ཐེ་རོ་མཆོག་གིས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ ༢༠༢༢ ལོར་སིངྒ་ལར་ཆིབས་བསྒྱུར་ཐོག་མར་བསྐྱངས་སྐབས་ སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་འདོད་ཡོད་པས་དེའི་སྐོར་ལ་ལམ་སྟོན་བཀའ་སློབ་ཞུས་པར་ཞིབ་ཕྲའི་བཀའ་སློབ་དང་ཐུགས་བརྩེ་ཆེན་པོས་གང་ཅིའི་ཐད་ཕྱག་རོགས་གནང་རྒྱུའི་ཞལ་བཞེས་གནང་བ་དང་། དེ་རྗེས་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་རིང་བསྲེལ་རིན་པོ་ཆེ་འབུལ་འཐུས་ཆོག་པའི་ཞིབ་ཕྲ་སྙན་སེང་ཞུས་པར་ཐུགས་བགྱེས་ཚོར་ཆེན་པོས་ཞལ་བཞེས་གནང་བ་མ་ཟད། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེའི་ཐད་དུས་ཚོད་གཏན་འབེབས་གནང་བས་ད་ལན་འཛམ་གླིང་འདིར་ཞི་བདེ་དང་། བྱམས་བརྩེ། སྙིང་རྗེ་བཅས་ཀྱི་མཚོན་བྱེད་དུ་གྱུར་པའི་མགོན་པོ་མཆོག་ནི་འཛམ་བུ་གླིང་འདིར་སྟོན་པ་གཉིས་པ་ལྟ་བུ་སྐྱེས་ཆེན་དམ་པ་ཞིག་ཡིན་པས་གང་ཉིད་ཀྱི་རླབས་ཆེན་གྱི་མཛད་བཟང་ལ་གུས་བཀུར་དང་རྗེས་སུ་ཡི་རངས་བཀའ་དྲིན་ཆ་ཤས་ཤིག་སྒྲུབ་སྙམ་པའི་རེ་འདུན་དྲག་པོས་རྒྱ་གར་གྱི་སེར་སྐྱའི་གྲོང་ཁྱེར་དུ་སངས་རྒྱས་ཀྱི་གཉེན་ཉེ་ཤཱཀྱ་པ་རྣམས་ཀྱིས་པི་ར་ཧྭའི་ས་གནས་ཀྱི་མཆོད་རྟེན་ནང་བཞུགས་པའི་ལོ་རྒྱུས་ཁུངས་ལྡན་གྱི་སངས་རྒྱས་ཀྱི་རིང་བསྲེལ་འཁྲུལ་མེད་ཞིག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འབུལ་ལམ་ཞུ་སྐབས་ཀྱི་བརྙན་པར། ། ཕྱི་ལོ། ༢༠༢༤ ཟླ་བ། ༤ ཚེས། ༤ ཉིན། །

H.E. Ling Rinpoche visited Sri Lanka for the first time in 2022, where he met with Ven. Dr. Waskakuwe Mahindawamsa Nayaka Thero of the Raja Guru Shri Subuti Mahavihara Monastery, who expressed his intention to offer a precious Shakyamuni Buddha relic to His Holiness Dalai Lama and requested Rinpoche’s assistance to coordinate and support the event.

Rinpoche happily agreed to support this offering and after several years of planning, the offering of Lord Buddha's sacred relics to His Holiness the Dalai Lama was successfully completed in Dharamsala on April 4th, 2024. His Holiness and Rinpoche met and conversed with the Sri Lankan delegation led by Venerable Doctor Waskaduwe Mahindawamsa Nayaka Thero.

Click here to watch the video on the event >


On 4th April, the Most Ven. Dr. Waskakuwe Mahindawansa Mahanayake Thero of Sri Sambuddha Sasanodaya Sangha Sabha of Sri Lanka Amarapura Maha Nikaya gifted His Holiness the Dalai Lama with a holy relic of Lord Shakyamuni Buddha, facilitated by H.E. Ling Rinpoche and expressed his fulfillment and gratitude for the successful and historic event.


࿑ ཕྱི་ལོ་༢༠༢༤ ཟླ་བ་༤ ཚེས་༣ ཉིན། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་སྟོད་པ་དང་པུ་ཧྲེང་གཞིས་བྱེས་མི་དམངས་ཡོངས་ནས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་སླད་དུ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྡོ་རྗེ་སློབ་དཔོན་གནང་བཞིན་པའི་བརྙན་པར། །

On 3rd April, H.E. Ling Rinpoche led a Long Life Prayer offered to His Holiness the Dalai Lama by the Toepa Association and Purang people, at the Main Tibetan Temple in Dharamsala, HP.


March 2024

On 19th March, H.E. Ling Rinpoche gave a talk with Q&A about the essence of Buddhism and how Buddhism can help to create a healthier, more compassionate and more peaceful world, especially by cultivating love and compassion, and by teaching our children - the next generation - how we can benefit the world. The two hour event was organized by the Dalai Lama Centre for Peace and Education Canada, held at the Hyatt hotel in Dharamsala, and attended by Martin Luther King III and many other professors and academics.


༈ ཕྱི་ལོ། ༢༠༢༤ཟླ་བ། ༣ ཚེས། ༤ ཉིན། བལ་ཡུལ་འཇོ་ལ་ཁེལ་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གྱིས་བཀའ་ཆོས་དང་བཀའ་སློབ།
དགོང་དྲོ་ཧི་མ་ལ་ཡི་རི་རྒྱུད་ཀྱི་མི་དམངས་རྣམས་ལ་བཀའ་སློབ་སྩལ་སྐབས་བཅས་ཀྱི་བརྙན་པར། །

On 4th March, H.E. Ling Rinpoche visited Jawalakhel in Nepal, where he gave teachings and oral transmissions of many mantras at Samdup Ling Tibetan Settlement, and gave a talk for the Himalayan Buddhist Community at Hotel Tibet in Kathmandu.


༈ ཕྱི་ལོ། ༢༠༢༤ཟླ་བ། ༣ ཚེས། ༣ ཉིན། འཕགས་ཤིང་སྒོ་སོག་ཕུན་ཚོགས་ཆོས་གླིང་དགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ། སྐྱིད་གྲོང་བཙུན་དགོན་ཐུགས་རྗེ་ཆོས་གླིང་དུ་ཆིབས་བསྒྱུར་གྱིས་བཀའ་ཆོས་དང་བཀའ་སློབ། རྣམ་རྒྱལ་འབྲིང་རིམ་སློབ་གྲྭར་ཆིབས་བསྒྱུར་གྱིས་བཀའ་ཆོས་དང་བཀའ་སློབ་སྩལ་སྐབས་བཅས་ཀྱི་བརྙན་པར། །

On 3rd March, H.E. Ling Rinpoche visited Swayambhunath in Nepal, where he was warmly welcomed with short long life offerings at Gosok Monastery and Thukje Choling Nunnery, and visited Namgyal Middle School where Rinpoche gave a short teaching and advice to students.



For more recent news, go to Facebook