2026 News – Ling Rinpoche

2026 News

2026 News

August 11, 2026

H.E. Ling Rinpoche Visits Pethup Monastery

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༨ ཚེས། ༡༡ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དཔེ་ཐུབ་དགོན་ནས་གསོལ་འདེབས་ཞུ་དོན་ལྟར་གནས་གཟིགས་སུ་ཆིབས་བསྒྱུར་སྐབས་ཀྱི་བརྙན་པར། ། H.E. Kyabjé Yongzin Ling Rinpoche was invited to visit Pethup Monastery where he paid respects to the monastery’s holy objects, followed … Read more

August 10, 2026

H.E. Ling Rinpoche Consecrates Newly Constructed Buddha Relic Monastery and Gives Teachings at Ngari Institute

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༨ ཚེས། ༡༠ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སངས་རྒྱས་རིང་བསྲེལ་དགོན་པ་གསར་བཞེངས་ལ་རབ་གནས་དང་། ཐུགས་སྨོན་བདེན་ཚིག་གནང་ཅིང་། དེ་བཞིན་མངའ་རིས་ཤེས་ཡོན་ལྟེ་གནས་ཁང་བཅས་ལ་ཆིབས་བསྒྱུར་གྱི་བཀའ་ཆོས་སྩལ་སྐབས་ཀྱི་བརྙན་པར། ། H.E. Kyabjé Yongzin Ling Rinpoche performed the consecration (Rabné) ceremony and offered prayers and blessings for the newly constructed … Read more

August 10, 2026

H.E. Ling Rinpoche Visits and Blesses Shanti Stupa in Leh, Ladakh

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༨ ཚེས། ༡༠ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྭགས་གླེ་ཞི་བདེའི་མཆོད་རྟེན་ཆེན་མོར་རབ་གནས་དང་གནས་གཟིགས་སུ་ཆིབས་བསྒྱུར་སྐབས་ཀྱི་བརྙན་པར། ། H.E. Kyabjé Yongzin Ling Rinpoche visited and blessed the Shanti Stupa in Leh, Ladakh.

August 8, 2026

H.E. Ling Rinpoche Teaches on Cultivating Happiness & Inner Peace for Those Gathered from Around Ladakh at Thiksey Sherab Kyeshal Ling

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༨ ཚེས། ༨ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཁྲིག་རྩེ་ཤེས་རབ་སྐྱེས་ཚལ་གླིང་དུ་ལ་དྭགས་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་མཐོ་རིམ་སློབ་མ་རྣམས་ལ་མི་ཚེའི་བདེ་སྐྱིད་དང་། སྙིང་རྗེའི་ཉམས་ལེན་ཇི་ལྟར་བྱ་ཚུལ། ཉིན་རེའི་འཚོ་བའི་ཁྲོད་དུ་ལུས་སེམས་ཞི་བར་གནས་ཐབས་སྐོར་ལ་བཀའ་སློབ་རྩལ་ཅིང་། སློབ་ཕྲུག་རྣམས་ནས་སྙན་འཇིབས་ལྡན་པའི་རོལ་དབྱངས་ཀྱིས་སྔོན་བསུས་ཏེ་༸གོང་ས་༸མཆོག་ལ་བསྟོད་པའི་གླུ་གཞས་མཉམ་ལེན་ཞུས་ཅིང་། འཇུག་ཏུ་སློབ་ཕྲུག་དང་ལྷན་དུ་སྐུ་པར་སྒྲོན་འབུལ་སྐབས། ། H.E. Kyabjé Yongzin Ling Rinpoche visited Thiksey Sherab Kyeshal Ling, where he met and gave teachings to … Read more

August 4, 2026

H.E. Ling Rinpoche Participates in Official Inauguration of Jison Café at Thiksey Monastery in Leh

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༨ ཚེས། ༤ ཉིན་ལ་དྭགས་ཁྲིག་རྩེ་དགོན་གྱི་གསོལ་མགྲོན་ཁང་དུ་ལ་དྭགས་སུ་ཡོད་པའི་རྒྱ་གར་དབུས་གཞུང་གི་Governor སྐུ་ཚབ་སྐུ་ཞབས་ Shri Vinai Kumar Saxena མཆོག་དང་། ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག། ༸སྐྱབས་རྗེ་ཁྲིག་རྩེ་རིན་པོ་ཆེ་མཆོག། སྐུ་སྒེར་དྲུང་ཆེ་སྐུ་ངོ་བསྟན་འཛིན་སྟག་ལྷ་མཆོག། དེ་བཞིན་བླ་སྤྲུལ་དབུ་ཆོས་སོགས་ལྷན་འཛོམས་ཐོག་མཛད་སྒོའི་སྐབས་སུ་སྒྲོན་པའི་སྐུ་པར། ། His Eminence Kyabjé Ling Rinpoche participated in the inauguration of Jison … Read more

August 3, 2026

H.E. Ling Rinpoche is Chief Guest to Open Dharma Walk for Universal Peace and Compassion & 91st Birthday Celebration of His Holiness the 14th Dalai Lama

༈ ཕྱི་ལོ། ༢༠༢༦ ཟླ་བ། ༨ ཚེས། ༢ ཉིན་རྒྱ་གར་ཧི་མ་ལ་ཡའི་ན་ལནྡའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དང་། ལ་དྭགས་ནང་པའི་ཚོགས་པ། ལ་དྭགས་དགོན་པའི་ཚོགས་པ་བཅས་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ལ་དྭགས་གླེ་ནང་པའི་ཚོགས་ཁང་ཆེན་མོར་༸གོང་ས་༸སྐྱབས་མགོོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་བསྲུང་བརྩིའི་སླད་འཛམ་གླིང་ཞི་བདེ་དང་སྙིང་རྗེའི་ཆེད་དུ་ཆོས་ཀྱི་གོམ་བགྲོད་ཀྱི་དབུ་འབྱེད་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་གྱིས་སྣང་གསལ་མར་མེ་ཞལ་འབྱེད་དང་། བཀའ་སློབ་སྩལ་དོན་འཛམ་གླིང་འདིའི་ནང་ཆོས་ཁས་ལེན་མི་ལེན་ཚང་མས་ཞི་བདེ་དགོས་པའི་སྐོར་མང་པོ་གསུང་མཁན་ཡོད་ཀྱང་སེམས་ཀྱི་ཞི་བདེ་མེད་ན་དོན་དམ་པའི་ཞི་བདེ་ངོ་མ་ནི་ཡོང་ཐབས་མེད་ཅིང་། དེ་ཡང་ནང་པའི་གཞུང་ལུགས་ནས་དེ་དག་བསྒྲུབ་པའི་ཐབས་ལམ་ཟབ་ཅིང་གསལ་བར་གསུང་པས་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེ་བའི་སྐོར་གསུངས། དེ་བཞིན་༸གོང་ས་༸སྐྱབས་མགོོན་ཆེན་པོ་མཆོག་ནི་བོད་དང་། ཧི་མ་ལ་ཡའི་ཁུལ་གྱི་ལྷག་པའི་ལྷ་སྐལ་ཡིན་པས་ཉེ་བའི་འཆར་མགོན་པོ་གང་ཉིད་ནས་དགུང་གྲངས་བརྒྱ་དང་སུམ་བཅུ་ལྷག་བཞུགས་རྒྱུའི་བཀའ་བཞེས་ཟབ་མོ་ཇི་འཐོབ་བཞིན་དགའ་དད་གུས་པས་སྒོ་ནས་༸གོང་ས་༸སྐྱབས་མགོོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་། དཔལ་ན་ལེནྡའི་ཆོས་ནས་བརྒྱུད་པས་འཚེ་མེད་ཞི་བའི་ལྟ་གྲུབ་དར་ཞིང་རྒྱས་པ་དང་འཛམ་བུ་གླིང་འདིར་ཞི་བདེའི་འོད་སྣང་གི་ཁྱབ་པའི་སྨོན་འདུན་ཡོད་ཅེས་བཀའ་སློབ་སྩལ་ཅིང་། གོ་སྒྲིག་ལྷན་ཚོགས་ནས་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་དང་། ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་མཛད་སྐབས་བཅས་ཀྱི་སྐུ་པར། His Eminence Kyabjé Ling Rinpoche attended as the Chief Guest at the … Read more

July 27, 2026

H.E. Ling Rinpoche Welcomed With Ceremonial Procession to Ladakh, Led by Thiksey Rinpoche

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༧ ཚེས། ༢༧ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཞབས་སོར་འཁོད་སྐབས་ལ་དྭགས་ཁྲིག་རྩེ་རིན་པོ་ཆེས་དབུས་དགོན་པའི་བླ་མ་དབུ་ཆོས་དང་དགེ་འདུན་པ་དང་། དཔེ་ཐུབ་དགོན་པའི་བླ་མ་དབུ་ཆོས་དང་དགེ་འདུན་པ་སོགས་ཀྱི་ཕེབས་བསུ་སེར་སྦྲེང་གི་སྔོན་བསུས་ཅིང་། ས་གནས་ཀྱི་དགོན་པ་ཁག་དང་དད་ལྡན་མི་དམངས་བཅས་ནས་རིགས་གཞུང་གི་སྙན་འཇིབས་ལྡན་པའི་རོལ་དབྱངས་ཀྱིས་སྔོན་བསུས་ཏེ་ཁྲིག་རྩེ་ཤེས་རབ་སྐྱེས་ཚལ་གླིང་གཟིམ་ཆུང་དུ་ཆིབས་བསྒྱུར་སྐབས་ཀྱི་བརྙན་པར། ། His Eminence Kyabjé Yongzin Ling Rinpoche arrived in the sacred land of Ladakh, welcomed by a glorious ceremonial procession … Read more