PAGE NEWS News – Ling Rinpoche

News – Ling Rinpoche

News

February 2026

February 15, 2026

Feb
15

࿑ བོད་རྒྱལ་ལོ་༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་བཟང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་དང་། ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་ནད་མུག་འཁྲུག་རྩོད་དང་། རང་བྱུང་འབྱུང་བཞིའི་གནོད་འཚེ་སོགས་མྱུར་དུ་ཞི་ནས་འགྲོ་རྣམས་ཞི་བདེའི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་དང་བཅས། ། ཡོངས་འཛིན་གླིང་སྐྱེ་མིང་པས།

A New Year greeting from H.E. Ling Rinpoche:

Losar Tashi Delek! 

On this auspicious occasion of the Tibetan New Year, the Fire Horse Year 2153, I extend my heartfelt greetings and sincere prayers to each and every one of you. 

May this new year bless you with good health, long life, clear wisdom and an ever expanding heart of compassion. 

May this Tibetan and Lunar New Year be a source of blessings so that obstacles will be gently cleared from your path, favorable conditions naturally arise and may peace and harmony take root in your lives and throughout the world. 

May all virtuous actions prosper, may pure intentions swiftly bear beneficial results and may the sacred Dharma continue to radiate its light of the benefit of all beings. 

Above all, may His Holiness the Dalai Lama enjoy a long, healthy life and may his enlightened presence continue to guide the world with wisdom and compassion. 

With prayers,
Ling Rinpoche 

February 2, 2026

Feb
02

༄༅། །འཇམ་མགོན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་བྲག་རི་རིན་པོ་ཆེ་ཐུབ་བསྟན་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཤིན་ཏུ་བློ་ཕམ་དང་བཅས། བླ་བྲང་གི་སྐུ་འཁོར་རྣམས་དང་གང་གི་ཞལ་སློབ་ཕྱི་ནང་མི་རིགས་ཀུན་ལ་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། སྤྱིར་ན་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་སྐུ་ཕྲེང་གོང་མ་རྣམས་དང་། བྲག་རི་རྡོ་རྗེ་འཆང་སྐུ་ཕྲེང་དང་པོ་ལམ་རིམ་པ་རྒྱ་མཚོ་མཐའ་ཡས་དཔལ་བཟང་པོ་མཆོག་དང་། སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་འབྱོར་རྒྱ་མཚོ། སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་རྣམ་རྒྱལ་། སྐུ་ཕྲེང་བཞི་པ་བློ་བཟང་ལུང་རིགས་རྒྱ་མཚོ་དབང་རྒྱལ་དཔལ་བཟང་པོ་ལ་སོགས་པ་སྐུ་ཕྲེང་གོང་མ་རྣམས་དང་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཡོད་ཅིང་། ངོས་རང་ཆུང་ངུ་དུས་ནས་བྲག་རི་རིན་པོ་ཆེ་ཐུབ་བསྟན་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་མཆོག་ངོ་ཤེས་པ་མ་ཟད་༸རྒྱལ་དབང་ཐམས་ཅད་མཁྱེན་པས་དབུས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་དུ་མའི་དྲུང་ནས་དབང་ལུང་མན་ངག་ནོད་པའི་སྐབས་སུ་ཕན་ཚུན་ཆོས་ཀྱི་གྲོགས་པོ་ཡང་ཡིན་ད་ལན་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་པས་རིན་པོ་ཆེ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པ་དང༌། གོང་མའི་རྣམ་ཐར་བདག་གིར་སྐྱོང་བའི་གསོལ་འདེབས་དང་བཅས་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་མིང་པས་ཕྱི་ལོ། ༢༠༢༦ ཟླ་བ། ༢ ཚེས། ༢ ཉིན། །

H.E. Ling Rinpoche respectfully marks the passing of His Eminence Dagri Rinpoche. A great holder of the holy Dharma, his life of wisdom, compassion, and selfless service benefited countless sentient beings.

We dedicate our prayers to the continued flourishing of his teachings, and may he swiftly return to this world for the benefit of all beings.

January 2026

January 26, 2026

Jan
26

H.E. Ling Rinpoche sends warm greetings for a Happy Republic Day to all Indians! May wisdom, harmony, and mutual respect continue to strengthen the nation as India celebrates its democracy today.

January 20, 2026

Jan
20

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༡ ཚེས། ༢༠ ཉིན་ཧིན་རྡུ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་མཆོག་་Shri Bajrang Bagra, Secretary General of the Vishwa Hindu Parishad དང་ཕྱག་རོགས་བཅས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche graciously granted an audience to Shri Bajrang Bagra, Secretary General of the Vishwa Hindu Parishad (VHP), along with other senior members of the delegation.

During the meeting, they engaged in meaningful exchanges on matters of mutual interest, reflecting a spirit of respect, harmony, and shared values.

January 17, 2026

Jan
17

༄༅།། ཕྱི་ལོ་༢༠༢༥ ཟླ་ ༡ ཚེས་༡༧ ཉིན། མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་པོ་འབྲས་སྤུངས་བློ་གསལ་གླིང་གསུང་རབ་རིན་པོ་ཆེ་མཆོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche granted an audience to Sungrab Rinpoche, the newly appointed Abbot of Tawang Monastery in Arunachal Pradesh at Drepung Ling Labrang, Mundgod, South India.

January 12, 2026

Jan
12

H.E. Ling Rinpoche graciously received a guest audience with esteemed dignitaries, including Shri Tarun Chugh Ji, Hon’ble National General Secretary (BJP); Dr. Anirban Ganguly Ji; Shri Tashi Gyalson Ji, Former Chairman, LAHDC Leh; Shri Jamyang Tsering Namgyal Ji, Former Member of Parliament; Shri Subroto Barua Ji; Shri Tashi Kachu Ji; and Shri Phunchok Stanzin Ji.

Several other distinguished guests were also present. The meeting was marked by warm interactions and meaningful discussions on a range of important topics.

January 3, 2026

Jan
03

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༡ ཚེས། ༣ ཉིན་རྒྱ་གར་དབུས་རིགས་གཞུང་ལྷན་ཁང་ནས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་”དེ་སྔོན་སངས་རྒྱས་ཀྱི་རིང་བསྲིལ་ལྷན་དུ་བཞུགས་པའི་རྩ་ཆེའི་ནོར་བུའི་རིགས་བརྒྱ་ཕྲག་མང་པོ་”དེ་སྔོན་རྒྱ་གར་དབྱིན་ཇིའི་འོག་ཏུ་ཡོད་པའི་སྐབས་ལ་གཏེར་རྫས་སྔོག་འདོན་བྱེད་མཁན་གྱི་དབྱིན་ཡུལ་དུ་དབོར་འདྲེན་བྱས་པ་ཁག་སླར་ཡང་རྒྱ་གར་དབུས་གཞུང་ནས་ཐུགས་འཁུར་ཆེ་བཞེས་ཐོག་གནའ་རྫས་དེ་དག་རྒྱལ་ནང་དུ་དབོར་འདྲེན་གྱི་བཞུགས་སུ་གསོལ་བའི་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་བློན་ཤྲིར་ན་རིན་དྷ་མོ་དྷི་མཆོག་དབུ་བཞུགས་ཐོག་ཆེད་ཕེབས་ཀྱིས་བཀའ་སློབ་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ཞུས་ལྟར་མཛད་སྒོར་མཉམ་ཞུགས་གནང་བ་དང་། དེ་བཞིན་སྲིད་བློན་མཆོག་ནས་ན་བཟའ་འབུལ་བཞེས་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche was graciously invited to participate alongside the Honorable Prime Minister of India, Shri Narendra Modi, marking a momentous occasion for all those dedicated to the preservation of culture, history, and the timeless ideals of Bhagwan Buddha.

The Grand International Exposition of the Sacred Piprahwa Relics was solemnly inaugurated by the Honorable Prime Minister of India, Shri Narendra Modi, at the Rai Pithora Cultural Complex, New Delhi.

The exposition was organized by the Ministry of Culture, Government of India, celebrating India’s rich Buddhist heritage and spiritual legacy.

View video highlighting H.E. Ling Rinpoche’s participation in the events.

January 1, 2026

Jan
01

H.E. Ling Rinpoche wishes everyone a joyful and blessed 2026!

December 2025

December 25, 2025

Dec
25

འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་༧སྐྱབས་མགོན་༧རྒྱལ་བའི་ཡོངས་འཛིན་དགའ་ལྡན་ཁྲི་ཐོག་གོ་བདུན་པ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཚེས་ཉིན་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམ་པར་ཐར་པ་རྗེས་སུ་དྲན་པའི་སྒོ་ནས་སྲུང་བརྩི་ཞུ།།

Today we respectfully commemorate the anniversary of the Parinirvana of His Holiness the 6th Kyabjé Yongzin Ling Rinpoche, the revered Principal Tutor of His Holiness the 14th Dalai Lama.

His Holiness Ling Rinpoche’s guidance shaped generations of practitioners and left an immeasurable legacy in the Tibetan Buddhist world and beyond. May His enlightened activity continue to benefit all beings.

December 22, 2025

Dec
22

࿑ ཕྱི་ལོ་༢༠༢༥ ཕྱི་ཟླ། ༡༢ ཚེས། ༢༢ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འབྲས་སྤུངས་ཉག་རེ་ཁང་ཚན་དུ་ཆིབས་བསྒྱུར་སྐབས་ཁང་ཚན་འདི་ཉིད་ཀྱི་རྒྱལ་སྲས་བླ་སྤྲུལ་ཁག་དང་། བཀའ་རབ་འབྱམས་དགེ་བའི་གཤེས་གཉེན་འདུས་ཚོགས་དམངས་དང་བཅས་པས་ཕེབས་བསུ་སེར་སྦྲེངས་ཀྱི་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་གཟིགས་དང་། སྣང་གསལ་མར་མེ་ཞལ་འབྱེད། འདུས་མང་ལ་བཀའ་སློབ་སྩལ་སྐབས། །

H.E. Ling Rinpoche visited Drepung Loseling Nyare Khangtsen, where he was offered a warm and respectful reception. Rinpoche graciously delivered a profound and inspiring teaching to the assembled monks.