News
June 2024
June 9, 2024
09
࿑ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨ་རིའི་ཨོ་རེ་གྷན་མངའ་སྡེའི་པོར་ཊི་ལན་ཌིའི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བོད་རིགས་གཙོ་བོར་གྱུར་པའི་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་དད་ལྡན་རྣམས་ལ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། མི་དམངས་ལ་བཀའ་སློབ་བཀའ་དྲིན་ཆེ་སྩལ་སྐབས་ཀྱི་བརྙན་པར།
ཕྱི་ལོ། ༢༠༢༤ ཟླ་བ། ༦ ཚེས་ ༩ ཉིན།
H.E. Ling Rinpoche conferred the Buddha Amitayus Long Life Initiation in Portland, Oregon and enjoyed a traditional cultural performance by the local Tibetan community, hosted by the Northwest Tibetan Cultural Association.






















































June 8, 2024
08
࿑ ཕྱི་ལོ། ༢༠༢༤ ཟླ་བ། ༦ ཚེས་ ༨ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཨ་རིའི་ཨོ་རེ་གྷན་མངའ་སྡེའི་པོར་ཊི་ལན་ཌིར་བོད་རིགས་ཚོགས་པའི་ཚོགས་ཁང་དུ་འཛམ་གླིང་ཆོས་ལུགས་ཆེན་པོ་ཧིན་རྡུ་དང་། ཁ་ཆེ། ཡེ་ཤུ། སིཀ་བཅས་ཀྱི་མཁས་དབང་རྣམས་དང་ལྷན་དུ”ཆོས་ལུགས་མཐུན་འབྲེལ་བགྲོ་གླེང་”གི་དབུ་བཞུགས་སུ་ཆིབས་བསྒྱུར་གྱིས་་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་ཕན་ཚུན་དག་སྣང་སྦྱོང་ཐབས་དང་། བྱམས་བརྩེས་ཁྱབ་པའི་འཛམ་གླིང་ཞིག་བསྐྲུན་ཐབས་སྐོར་ལ་བཀའ་སློབ་སྩལ་སྐབས་ཀྱི་བརྙན་པར། །
H.E. Ling Rinpoche led and participated in an Interfaith Dialogue organized by the Tibetan Community of Portland, with a panel of esteemed representatives from the Muslim, Hindu, Sikh and Christian religions. Rinpoche elucidated the Four Commitments of His Holiness the Dalai Lama and emphasized the importance of cultivating compassion and Bodhicitta, especially at this time in the world.




















June 5, 2024
05
࿑ ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༦ ཚེས། ༤ ནས་ཚེས། ༥ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཨ་རིའི་སི་ཨེ་ཊེའི་མངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་Microsoft ལས་ཁུངས་སུ་བྱམས་སྙིང་རྗེ་དང་འབྲེལ་ཏེ་ཆོས་དང་རིག་གཞུང་སྣ་མང་དེ་དག་མཉམ་གནས་ཇི་ལྟར་ཐུབ་མིན་སྐོར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། བཀའ་འདྲི་ཞུ་མཁན་རྣམས་ལ་བཀའ་ལན་སྩལ་ཅིང་། ཕྱི་ཉིན་བོད་རིགས་དང་སོག་རིགས་གཙོ་བོར་གྱུར་པའི་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་དད་ལྡན་རྣམས་ལ་དཔལ་ས་སྐྱའི་དགོན་བརྩེ་ཆེན་ཀུན་ཁྱབ་གླིང་དུ་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། མི་དམངས་ལ་བཀའ་སློབ་བཀའ་དྲིན་ཆེ་སྩལ་སྐབས་ཀྱི་བརྙན་པར། །
On 5th June, H.E. Ling Rinpoche gave the Buddha Amitayus initiation with teachings and advice to the Tibetan and Mongolian communities and others at Sakya Monastery of Tibet in Washington Seattle, organized by Tibetan Association of Washington. Rinpoche also visited and gave a talk at Microsoft on 4th June.







































June 2, 2024
02
࿑ ཨ་རིའི་(California)ཁེ་ལ་ཕོར་ནི་ཡའི་མངའ་སྡེའི་(San Jose)སན་ཧོ་སིན་ཁུལ་དུ་ཡོད་པའི་ཝི་ཏི་ནམ་དང་། མི་རིགས་གཞན་གྱི་དད་ལྡན་ཚོར་ཉིན་གྲངས་གཉིས་རིང་བཀའ་དབང་དང་། བཀའ་ཆོས། སྐྱབས་འགྲོའི་སྡོམ་པ། མངར་བཟས་འདེགས་འབུལ། དེ་བཞིན་ནང་བསྟན་རྗེས་འཇུག་པ་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དགེ་འདུན་པ་དང་། བཙུན་མ་སོགས་སྐྱ་སེར་རིས་སུ་མ་མཆིས་པ་རྣམས་ཀྱི་ས་ག་ཟླ་བའི་དུས་དྲན་གཟབ་རྒྱས་ངང་བསྲུང་བརྩི་ཞུ་སྐབས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་སུ་གདན་ཞུས་ལྟར་སངས་རྒྱས་ཀྱི་རིང་བསྲེལ་གདན་ཞུ་མཛད་ཅིང་ནང་ཆོས་ཀྱི་ཟབ་ཁྱད
དང་ད་ལྟའི་དུས་འདིར་རང་ཅག་རྣམས་ཀྱི་འཚེ་བ་མེད་པའི་ལམ་ལ་སློབ་དགོས་ཚུལ་ཀྱི་བཀའ་སློབ་སྩལ་སྐབས་ཀྱི་བརྙན་པར། །
H.E. Ling Rinpoche led and joined a Vesak Day celebration in San Jose, California organized by the Vietnamese community, where he gave 2 days of teachings, a Shakyamuni Buddha initiation and participated in a procession to invite the Shakyamuni Buddha relic from Sri Lanka, along with representatives of different Buddhist traditions visiting from around the world and government officials from the local San Jose area.






May 2024
May 27, 2024
27
࿑ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་(California)་ཨ་རིའི་ཁེ་ལ་ཕོར་ནི་ཡའི་མངའ་སྡེའི་(San Francisco Bay Area)བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བོད་རིགས་གཙོ་བོར་གྱུར་པའི་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་དད་ལྡན་རྣམས་ལ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། མི་དམངས་ལ་བཀའ་སློབ་བཀའ་དྲིན་ཆེ་སྩལ་སྐབས་ཀྱི་བརྙན་པར། ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༥ ཚེས། ༢༧ཉིན། །
H.E. Ling Rinpoche gave the Buddha Amitayus Long Life Initiation along with teachings and advice for the Tibetan community in Richmond, hosted by the Tibetan Association of Northern California (TANC).

May 26, 2024
26
༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ (California)་ཨ་རིའི་ཁེ་ལ་ཕོར་ནི་ཡའི་མངའ་སྡེའི་(San Francisco Bay Area)སེན་ཕེ་སི་སིའི་ཀོ་ཐེག་ཆེན་འཛིན་སྐྱོངས་ཚོགས་པ་ཁག་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཉིན་གྲངས་གཉིས་རིང་བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་བསྡུས་པ་ཡོན་ཏན་གཞི་གྱུར་མའི་བཀའ་ཁྲིད་དང་། ཐུགས་རྗེ་ཆེ་ཆེན་པོ་དཔལ་མོ་ལུགས་ཀྱི་རྗེས་གནང་བཅས་བཀའ་དྲིན་ཆེ་སྩོལ་སྐབས་ཀྱི་བརྙན་པར། ཕྱི་ལོ། ༢༠༢༤ ཟླ་བ། ༥ ཚེས་ ༢༦ ཉིན།
On May 25 – 26th, H.E. Ling Rinpoche gave teachings on The Foundation of All Good Qualities and conferred the 1,000-Armed Chenrezig Initiation, in the San Francisco Bay Area, California, jointly hosted by local FPMT centers: Land of Medicine Buddha, Ocean of Compassion Buddhist Center, Tse Chen Ling and Vajrapani Institute for Wisdom Culture.


May 22, 2024
22
࿑ ཕྱི་ལོ། ༢༠༢༤ ཟླ་བ། ༥ ཚེས་ ༢༢ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨ་རིའི་ཁེ་ལ་ཕོར་ནི་ཡའི་མངའ་སྡེའི་སེན་ཕེ་སི་སིའི་ཀོ་གནམ་ཐང་དུ་ཆིབས་བསྒྱུར་སྐབས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུ་སྐབས་ཀྱི་བརྙན་པར།
H.E. Ling Rinpoche arrived to the San Francisco Bay Area in California where he was very warmly welcomed by the local organizers and students at the airport.













May 19, 2024
19
࿑ ཕྱི་ལོ་༢༠༢༤་ཟླ་བ་ ༥ ཚེས་ ༡༩ རེས་གཟའ་ཉི་མ་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན། ཨ་རིའི་མི་ནི་སོ་ཊའི་ཏྲེ་ཧོར་ནོར་བུའི་ུ་གླིང་ཁར་ཆིབས་བསྒྱུར་སྐབས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་དང་གཞས་སྣ་གཟིགས་འབུལ། ས་གཞིར་བྱིན་རླབས་དང་རབ་གནས། བླང་དོར་གྱི་བཀའ་སློབ་སྩལ་སྐབས་བཅས་ཀྱི་བརྙན་པར། །
On May 19th, H.E. Ling Rinpoche visited the Tehor Norbulinka land in Minnesota where he gave a talk and blessed and consecrated the land, followed by a picnic and traditional dance performance by the local Tibetan community.

































May 18, 2024
18
࿑ ཨ་རིའི་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་ཏྲེ་ཧོར་སྐྱིད་སྡུག་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བོད་རིགས་གཙོ་བོར་གྱུར་པའི་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་དད་ལྡན་རྣམས་ལ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། མི་དམངས་ལ་བཀའ་སློབ་བཀའ་དྲིན་ཆེ་སྩལ་སྐབས་ཀྱི་བརྙན་པར། ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༥ ཚེས། ༡༨ ཉིན། །
On May 18th, H.E. Ling Rinpoche bestowed the Buddha Amitayus initiation (Tsewang) and gave advice to thousands of Tibetan people in Minnesota, with a Tsog Offering and prayers on the occasion of Saka Dawa. In the morning, Rinpoche visited the Tibetan Saturday Culture School where he met with and gave a talk to the students and teachers. Visit organized by the Tibetan Foundation of Minnesota and Trehor Kyiduk Minnesota.



































May 15, 2024
15
࿑ ཕྱི་ལོ། ༢༠༢༤ ལོའི་ཟླ་བ་ ༥ ཚེས། ༡༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཨ་རིའི་མི་ཌི་སིན་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཚོགས་ཁང་ཕུན་ཚོགས་དར་རྒྱས་གླིང་དུ་ཆིབས་བསྒྱུར་སྐབས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཅིང་། རབ་གནས་དང་། ་མི་མང་ལ་བཀའ་སློབ་བཀའ་སློབ་བཀའ་དྲིན་ཆེ་སྩལ། གཞས་སྣ་གཟིགས་འབུལ་ཞུ་སྐབས་བཅས་ཀྱི་བརྙན་པར། །ཕྱི་ལོ། ༢༠༢༤ཟླ་བ། ༥ ཚེས། ༡༥ ཉིན། །
On May 15th, H.E. Ling Rinpoche gave a talk for the Tibetan community’s Wisconsin Tibetan Association in Oregon, Wisconsin and blessed their community hall, where the children and community members offered a cultural performance for Rinpoche.




























