PAGE NEWS News – Ling Rinpoche

News – Ling Rinpoche

News

November 2024

November 22, 2024

Nov
22

H.E. Ling Rinpoche sends warmest wishes for a joyous Lhabab Duchen! On this holy day, as we commemorate the anniversary of Guru Shakyamuni Buddha’s descent from the God Realm of Thirty-Three, may Buddha’s blessings inspire success in all your Dharma endeavors. Let us celebrate this auspicious occasion with gratitude and devotion!

November 15, 2024

Nov
15

H.E. Ling Rinpoche wishes Happy Gurpurab to all, celebrating the light and wisdom of Guru Nanak Dev Ji on his 555th birthday anniversary! His teachings of love, compassion, equality, and oneness continue to inspire and guide us toward a more peaceful and just world. May we walk in his footsteps and embody his timeless values!

November 13, 2024

Nov
13

(Golden Temple and Bulandapur) གསེར་གྱི་ལྷ་ཁང་དང་བུ་ལན་ཌི་པུ་རི་ས་ཧིབ་ཏུ་འཛམ་གླིང་ཆོས་ལུགས་ཕན་ཚུན་དབར་མཐུན་བསྒྲིལ་དང་་གོ་རྟོགས་སྤེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དང་། ཤི་རི་གུ་རུ་ན་ནག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་བྱུང་བའི་ཆོས་ལུགས་ཁག་གི་གཅིག་མཚུངས་ཀྱི་རིན་ཐང་རྣམས་མཛད་སྒོའི་ཐོག་གཟེངས་བསྟོད་གནང་བ་དང་། ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམ་པ་དང་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་མི་གྲངས་སྟོང་ཕྲག་མང་པོ་མཉམ་ཞུགས་གནང་བའི་ཐོག་རིན་པོ་ཆེ་མཆོག་གིས། བྱམས་སྙིང་རྗེ་དང་། ཕན་ཚུན་བཟོད་བསྲན། རང་གི་བསླབ་ཁྲིམས་སོགས་བླ་ན་མེད་པའི་འགྲོ་བ་མིའི་རིན་ཐང་སྐོར་གསུངས་པ་དང་། དེ་དག་ནི་དེང་སང་དུས་སྐབས་སུ་འཛམ་གླིང་འདིར་བྱུང་བའི་དཀའ་ངལ་དང་། དབྱེན་བྱེད་རྣམས་སེལ་ནས་ཞི་བདེ་སྐྲུན་པར་གལ་ཆེན་པོ་ཡིན་པ་གསུངས། དེ་བཞིན་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་ལ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་། གྲོས་མོལ། འཁོར་ཡུག་ལའང་གཅེས་སྤྲས་དང་། འཚེ་མེད་ཞི་བ་བཅས་ཀྱི་ཐོག་འགྲོ་བ་མི་གཙོ་གྱུར་གྱི་སྲོག་ཆགས་ཚང་མར་བརྩི་བཀུར། ཕན་ཚུན་མཉམ་རུབ་ཐོག་ཞི་བདེ་བསྐྲུན་པརའབོད་སྐུལ་གནང་བ་མ་ཟད། སིག་ཆོས་ལུགས་ཀྱི་མཐོ་རིམ་ལས་ཁུངས་ཨ་ཀལ་ཏག་ཐི་ནས་གོ་སྒྲིག་ཞུས་པའི་ཚོགས་འདུ་འདིས། མ་འོངས་པའི་མི་རབས་ཚོའི་ཆེད་དུ་འཛམ་གླིང་ཞི་བདེ་དང་། ཆོས་བརྒྱུད་ཕན་ཚུན་མཐུན་སྒྲིལ་ཡུན་གནས་ཐུབ་པའི་སྨོན་འདུན་ཞུས་ཡོད། །

H.E. Ling Rinpoche spoke as Chief Guest and celebrated the shared values across faiths, inspired by the teachings of the Buddha, Shri Guru Nanak, and His Holiness the Dalai Lama, at the First Global Interfaith Summit, held at the Golden Temple and Bulandpuri Sahib on the auspicious occasion of the 555th Birthday of Shri Guru Nanak Dev Ji.

Joined by religious leaders from diverse faiths and thousands of participants from across the globe, Rinpoche highlighted universal human values such as compassion, forgiveness, tolerance, and self-discipline—qualities championed by these spiritual figures—as essential to bridging divisions and fostering peace amid global crises.

Rinpoche called for interfaith unity, dialogue, and non-violence, urging spiritual leaders to lead with compassion and respect for all life, including the environment.

Organized by Akal Takht, the supreme head office of Sikhism, this gathering embodied a commitment to inspiring lasting harmony for future generations.

Watch a brief video of the Summit.

November 12, 2024

Nov
12

༄༅། ། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༢ དགོང་དྲོ་པན་འཇབ་མངའ་སྡེའི་ཨམ་རིའི་སའི་ནང་དུ་འཛམ་གླིང་ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་འདུ་འཛོམས་ཀྱི་”ཆོས་ལུགས་ཕན་ཚུན་དབར་མཐུན་བསྒྲིལ་གྱི་ཚོགས་ཆེན་”ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་སིག་གི་ཆོས་བརྒྱུད་ཀྱི་དབུ་འཁྲིད་ཚོས་དགའ་སྤྲོའི་ངང་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཅིང་།

ཚོགས་ཆེན་ཐོག་ཆིབས་བསྒྱུར་བསྐྱངས་གནང་བའི་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ་དང་ལྷན་དུ་ཕྱག་ཕེབས་གནང་ཞེས་པའི་དགོང་དྲོའི་གསོལ་སྟོན་འབུལ་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche was the Chief Guest at the first Global Interfaith Summit, held at the holy Golden Temple in Amritsar and Bulandapuri Sahib to commemorate the 555th Birthday of Sri Guru Nanak Sahib.

Rinpoche was very warmly welcomed by the Supreme Head of Sikhism, Akal Takht Jadether Shir Giani Raghbir Singh ji and other leaders of the Five Takhts—Akal Takht, Takht Sri Kesgarh Sahib, Takht Sri Damdama Sahib, Takht Sri Patna Sahib, and Takht Sri Hazur Sahib.

H.E. Ling Rinpoche joined religious leaders from various faiths in honoring Guru Nanak Dev Ji’s timeless teachings of compassion, unity, and universal brotherhood.

November 11, 2024

Nov
11

H.E. Ling Rinpoche received a visit from Most Ven. Gabju Choujamts Demberel, the 29th Khamba Nomun Khan and former Abbot of Gandan Tegchenling Monastery (the center of Mongolian Buddhism), along with Deputy Abbot Ven. Da Lama Byambajav, Ven. Hamba Hutagtu Rinpoche, and their entourage. They spent quality time together at Rinpoche’s residence, engaging in meaningful discussions and sharing spiritual insights.

November 10, 2024

Nov
10

࿑ ཕྱི་ལོ། ༢༠༢༤ཟླ་བ། ༡༡ ཚེས། ༡༠ ཉིན་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་བཞུགས་སྒར་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་སོག་རིགས་དད་ལྡན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བླང་དོར་གྱི་བཀའ་སློབ་སྩལ་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche gave a teaching on the introduction to Buddhism, highlighting the long-standing relationship between Tibet and Mongolia for many centuries, to a group of people from Mongolia at the Institute of Buddhist Dialectics in Dharamsala. The teaching was requested by Naro Penchen Rinpoche.

November 6, 2024

Nov
06

།ཕྱི་ལོ། ༢༠༢༤ཟླ་བ། ༡༡ ཚེས། ༥ དང་། ༦ བཅས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དང་། རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཨེ་ཤེ་ཡའི་ནང་པའི་ཚོགས་ཆེན་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཨ་ཤོ་ཀའི་ཚོགས་ཁང་ཆེན་མོའི་ཚོགས་སྐབས་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ཇི་ལྟར་གདན་ཞུས་ལྟར་ཨེ་ཤེ་ཡའི་གཙོས་འཛམ་གླིང་རྒྱལ་ཁབ་སུམ་བཅུ་ལྷག་ཙམ་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་། གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་ཁར་ཉིན་དང་པོར་རྒྱ་གར་གྱི་སྲིད་འཛིན་ལྕམ་Droupadi Murmu དབུ་བཞུགས་དང་། ཉིན་གཉིས་པའི་ཚོགས་ཆེན་འཇུག་སྡོམ་མཛད་སྒོའི་སྐབས་བཀའ་སློབ་གནང་བའི་བརྙན་པར།།

H.E. Ling Rinpoche delivered a talk about the relevance of Buddha’s teachings in the 21st Century, the convergence of Buddhism with modern scientific inquiry, and His Holiness the Dalai Lama’s remarkable contribution to the spread of the Buddhadharma, at the valedictory session of the first Asian Buddhist Summit over the last two days.

This contribution further highlights Rinpoche’s role in promoting dialogue and cooperation within the global Buddhist community. The Summit, organized by the International Buddhist Confederation in collaboration with the Government of India’s Ministry of Culture was attended by the President of India and brought together religious leaders from over 30 countries.

October 2024

October 30, 2024

Oct
30

H.E. Ling Rinpoche wishing everyone a very Happy Diwali filled with warmth, joy, and the triumph of light over darkness! May your life sparkle with happiness, and may each day shine brighter than ever. Happy Diwali!

October 24, 2024

Oct
24

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢༤ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྷ་ས་བོདཕྲུག་ཁྱིམ་སྡེའི་སྨན་ཁང་གསར་པ་དབུ་འབྱེད་རབ་གནས་དང་དབང་པོ་སྐྱོན་ཅན་གྱི་ནད་པར་ཐུགས་སྨོན་བཀའ་དྲིན་ཆེ་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche inaugurated the new hospital at the Tibetan Children’s Village during the 64th Founding Anniversary of the TCV School, highlighting a major advancement for the community’s healthcare and well-being. 

October 24, 2024

Oct
24

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢༤ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐབས་བདུན་པའི་བོད་ཁྱིམ་ནང་ཁུལ་རྩེད་འགྲན་མཛད་སྒོའི་སྐབས་དབུ་བཞུགས་སུ་ཆིབས་བསྒྱུར་གྱིས་རྒྱུགས་འཆོང་འགྲན་བསྡུར་ཁག་ལ་དགྱེས་གཟིགས་མཛད་ཅིང་། ཨང་རིམ་ལེགས་གསོན་ཚོར་བྱ་དགའ་གཟེངས་བསྟོད་གསོལ་སྩལ་དང་། དེ་བཞིན་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༦༤ འཁོར་བའི་ཉིན་གཉིས་པའི་མཛད་སྒོར་བླང་དོར་བཀའ་སློབ་ཆེ་སྩལ་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche graced the 7th Inter-TCV School Athletic Meeting as the Chief Guest during the 64th Founding Anniversary celebrations for Tibetan Children’s Village. Rinpoche delivered a talk and presented awards to the final winners.

Watch a brief video of the Anniversary celebrations.